འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།འགོ་ཁྲིད་འདི་དག་གི་གོ་གནས་བསྐོ་འཐེན་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 14:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གོ་གནས་བསྐོ་འཐེན་བྱས།

ཧྲེན་ཧུང་ཡན(བུད་མེད།)རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། ཞུས་ཏ་ཁྲུན་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཅུས་ཀྲང་ལ་བསྐོ་གཞག་བྱས།

རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝང་སུང་གི་གོ་གནས་ཕྱིར་འཐེན་བྱས་པ་དང་། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏའེ་དབྱིན་ཅུན་གྱི་གོ་གནས་ཕྱིར་འཐེན་བྱས། ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཧྥ་ཡི་གོ་གནས་ཕྱིར་འཐེན་བྱས།