གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་14ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་4ཚེས་13ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། ཟླ་3པའི་ཟླ་མཇུག་ཏུ། རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་བསགས་འབོར་སྒོར་དུང་ཕྱུར་ཁྲི་422.96ཟིན་ཡོད་པ་དང་། དུས་མཚུངས་ལས་8.4%འཕར་ཡོད། ཉེ་བའི་ལོ་གཅིག་རིང་ལ་ཆུ་ཚད་མཐོན་པོར་གནས་ཡོད། དུས་ཚིགས་དང་པོར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་15.18ཟིན་ཏེ། ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་དུང་ཕྱུར་2.37འཕར་ཡོད།
རང་རྒྱལ་གྱི་མི་དམངས་ཤོག་སྒོར་དངུལ་བུན་དུ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་9.78འཕར་ཡོད། ཡིད་རྟོན་དངུལ་བུན་གྱི་གྲུབ་ཚུལ་གཙོ་བོ་ནི་དངུལ་བུན་གྱི་སྐྱེད་ཚད་ལོ་རྒྱུས་ཐོག་དམའ་བའི་ཚད་དུ་རྒྱུན་འཁྱོངས་བྱས་པ་དང་། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བརྟན་པོར་བྱས་ཡོད།