ཆེད་སྤྱོད་མ་དངུལ་སྒོར་ཁྲི་716སྤྲད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་14ཉིན། 13:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་འཛད་ཟོག་རྙིང་པ་གསར་པར་བརྗེས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཏེ། ནོར་སྲིད་ཀྱི་ཁ་གསབ་དང་དངུལ་རྩའི་རྒྱབ་སྐྱོར་གྱི་སྒུལ་ནུས་གཉིས་ལ་བརྟེན་ནས་གྲོང་མིའི་འཛད་སྤྱོད་རིམ་སྤོར་ལ་སྒུལ་ནུས་གསར་པ་བསྣན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་མང་ཚོགས་ཀྱི་རྒྱུན་གཏན་གྱི་དགོས་མཁོར་གཞིགས་ཏེ། ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན་ཐོན་རྫས། གློག་སྒུལ་རྐང་འཁོར་སོགས་ཚུད་པའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་གཙོ་གནད་ཁྱབ་ཁོངས་ལ་གཏན་འཁེལ་བྱས་ཡོད་པ་དང་། ཚོང་ར་དང་། སྒོ་རྩིས་ཚོང་ཁང་། བརྒྱ་ཟོག བཟའ་བཏུང་སོགས་དམངས་འཚོའི་འཛད་སྤྱོད་བྱ་ཡུལ་ལ་ཕན་པ་བཏཌ་ཡོད་པ་རེད། མིག་སྔའི་བར། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁྲོད་ལག་ཐོགས་ཁ་པར་སོཌ་གྲངས་འཛིན་ཐོན་རྫས་ལ་རྩིས་དག་ཞུ་བའི་ཁ་གསབ་མ་དངུལ་སྒོར་ཁྲི་6.21སྤྲད་པར་སྤྱི་ཚོགས་ཀྱི་འཛད་སྤྱོད་སྒོར་ཁྲི་48.67སྐུལ་ཁྲིད་ཐུབ་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བཟའ་བཏུང་སོཌ་ལ་ཁ་གསབ་མ་དངུལ་སྒོར་ཁྲི་82.42སྤྲད་པར་སྤྱི་ཚོཌ་ཀྱི་འཛད་སྤྱོད་སྒོར་ཁྲི་392.08སྐུལ་ཁྲིད་ཐུབ་ཡོད་པ་རེད། མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ཡན་ལག་དངུལ་ཁང་གིས“ནོར་སྲིད་དང་དངུལ་རྩ་ཟུང་དུ་འབྲེལ་བའི”ལམ་གཉིས་ལམ་སྲོལ་ལ་བརྟེན་ནས། འཛད་སྤྱོད་པའི་ཟོག་བརྗེའི་མ་གནས་དམའ་རུ་བཏང་བ་དང་སྲིད་ཇུས་ཀྱི་ཁེ་འབབ་དེ་ལྗང་མདོག་དངུལ་རྩ་དང་གྲོང་གསེབ་དར་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།