འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་བཟོ་བཅོས་བརྒྱབ་པའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས〉སྐོར་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལག་བསྟར་བྱ་ཐབས》ཁྱབ་བསྒྲཌ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 10:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་བཟོ་བཅོས་བརྒྱབ་པའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས〉སྐོར་གྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཡོད། 《བྱ་ཐབས》དེ་2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་ཁྱོན་ལེའུ་7དང་དོན་ཚན་60ཡོད། གཙོ་བོ་གཤམ་གསལ་གྱི་ནང་དོན་དེ་དག་ལ་བཟོ་བཅོས་རྒྱག་རྒྱུ་ཡིན་པ་རེད།

གཅིག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དམག་དཔུང་གི་སྨན་རྫས་དོ་དམ་ལས་དོན་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཉེན་ཁར་དོ་དམ་དང་། བརྒྱུད་རིམ་ཧྲིལ་པོར་དོ་དམ་དང་ཚོད་འཛིན། དམག་དཔུང་དང་ས་གནས་མཐུན་སྦྱོར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་གཏན་འབེབས་བྱས་ཡོད། དམག་དཔུང་དང་། ས་གནས། ཚན་པ་བཅས་ཀྱི་འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་དགོས་པ་དང་དམག་དཔུང་དང་ས་གནས་ཀྱི་སྨན་རྫས་དོ་དམ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།

གཉིས་ནས་དམག་དཔུང་གི་སྨན་རྫས་གྲབས་གསོག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྨན་རྫས་མཁོ་སྤྲོད་འགན་ལེན་བྱེད་དགོས་ཤིང་། དམག་དཔུང་གི་སྨན་རྫས་གྲབས་གསོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དམག་དཔུང་གི་སྨན་རྫས་ཉོ་སྒྲུབ་དོ་དམ་ཚད་ལྡན་དུ་བཏང་ནས་དམག་དཔུང་གི་སྨན་རྫས་མཁོ་སྤྲོད་དོ་དམ་འཐུས་སྒོ་ཚང་དུ་གཏོང་དགོས།

གསུམ་ནས་དམག་དཔུང་གི་སྨན་བཅོས་ལས་ཁུངས་ཀྱི་སྨན་དོན་དོ་དམ་ཚད་ལྡན་དུ་བཏང་ནས་སྨན་ལུགས་མཐུན་སྤྱོད་པར་སྐུལ་འདེད་གཏོང་དགོས་ཤིང་། དམག་དཔུང་གི་སྨན་བཅོས་ལས་ཁུངས་ལ་ཐོབ་ཐང་གཏན་འཁེལ་བྱས་པའི་སྨན་སྦྱོར་པའམ་ཡང་ན་སྨན་རྫས་རིག་པའི་ལག་རྩལ་པ་གཞན་བཀོད་སྒྲིག་བྱས་ཏེ། དམག་དཔུང་གི་སྨན་བཅོས་ལས་ཁུངས་ཀྱི་སྨན་སྦྱོར་ལས་སྣོན་ཆོག་འཐུས་ལག་ཁྱེར་དང་སྨན་སྦྱོར་ལས་སྣོན་གྱི་ཆོག་མཆན་དཔང་ཡིག་སྤྲོད་མཁན་ཚན་པ་ཁ་གསལ་བཟོས་ནས། སྨན་བཅོས་ལས་ཁུངས་ཀྱི་སྨན་སྦྱོར་ལས་སྣོན་དང་སྨན་སྦྱོར་གྱི་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

བཞི་ནས་དམག་དཔུང་ལ་མཁོ་བའི་དམིགས་བསལ་སྨན་རྫས་དོ་དམ་ཞིབ་ཕྲ་བཟོས་ནས་སྨན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས་ཤིང་། དམག་དཔུང་ལ་མཁོ་བའི་དམིགས་བསལ་སྨན་རྫས་ཐོ་འགོད་ཀྱི་བརྒྱུད་རིམ་ཁ་གསལ་བཟོ་བ་དང་། དམག་དཔུང་ལ་མཁོ་བའི་དམིགས་བསལ་སྨན་རྫས་ཀྱི་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དམག་དཔུང་དང་ས་གནས་ཀྱི་ལག་རྩལ་རྒྱབ་སྐྱོར་གྱི་མཉམ་ལས་ལམ་སྲོལ་གྱི་གཏན་འབེབས་མང་དུ་གཏོང་དགོས།

ལྔ་ནས་དམག་དཔུང་གི་སྨན་རྫས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་རྫས་བདེ་འཇགས་འགན་ལེན་བྱེད་དགོས་ཤིང་། དམག་དཔུང་གི་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་། དམག་དཔུང་གི་སྨན་རྫས་ཀྱི་སྤུས་ཚད་འཐེན་བཤེར་དང་བརྟག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམག་དཔུང་གི་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁར་དོ་དམ་དང་ཚོད་འཛིན་གྱི་གཏན་འབེབས་མང་དུ་གཏོང་བ། དམག་དཔུང་དང་ས་གནས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་དང་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་དགོས།