འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།ལེའོ་ཉིང་གིས་ས་ནག་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལག་བསྟར་ཇུས་གཞི་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 10:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ཧྲེན་དབྱང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལེའོ་ཉིང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ལེའོ་ཉིང་ཞིང་ཆེན་གྱིས་2025ལོའི་ས་ནག་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལག་བསྟར་ཇུས་གཞི་དངོས་སུ་བཀྲམ་ནས། ཞིང་ཆེན་ཡོངས་སུ་འདི་ལོར་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ལས་འགན་རྒྱ་ཁྱོན་མུའུ་ཁྲི་1370ལེགས་སྒྲུབ་བྱ་རྒྱུ་ཁ་གསལ་བཟོས་ཡོད་པ་རེད།

སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ནི་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཞིང་ཁར་རང་འཇོག་དང་རྨོ་མེད་དང་རྨོ་ཉུང་གི་འདེབས་འཛུགས་ཀྱིས་ནང་དོན་གཙོ་བོར་བྱེད་པའི་དེང་རབས་རྨོ་འདེབས་ལག་རྩལ་ཞིག་དང་། ས་ནག་རྒྱུན་མཐུད་ཆོག་པའི་བེད་སྤྱོད་ཀྱི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་རེད། འདི་ལོ་ལེའོ་ཉིང་ཞིང་ཆེན་གྱིས་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་སྤྱི་ཡོངས་སྐུལ་འདེད་རྫོང་18དང་། ཚད་གཞི་མཐོ་བའི་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་རྫོང་རིམ་པའི་ཉེར་སྤྱོད་རྟེན་གཞི་57 ཤང་རིམ་པའི་ཉེར་སྤྱོད་རྟེན་གཞི་158བཅས་བསྐྲུན་རྩིས་ཡོད་པ་རེད། མ་རྨོས་ལོ་ཏོག་གཙོ་བོར་བྱེད་པ་དང་སྲན་ཆེན་དང་། འབྲུ་རིགས་དཀྱུས་མ། སྤྱིར་བཏང་སྲན་མ། པད་ཁ། ཚལ་ཁྱུང་རྔ་། བ་དམ་སོགས་སྐྱེ་དངོས་ཕལ་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཚམ་འཕྲོད་ས་ཁོངས་སུ་བརྟན་ལ་གོ་རིམ་ལྡན་པའི་ངང་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ་རེད།