འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།མིག་སྔའི་བར་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་ཚད་དུང་ཕྱུར་1ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་8པར་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཚུན་དུ། ས་གནས་ཁག་གིས་ཐབས་མང་མཉམ་སྤྱོད་བྱས་ནས་སྐུལ་འདེད་ཏན་ཏིག་བཏང་བ་དང་ཁེ་ལས་མཐུན་ཚོགས་ཀྱིས་ཀྱང་དང་ལེན་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུ་བཏོན་ཞིང་། ཟླ་4ཚེས་10ཉིན་བར་རིམ་རྩིས་བརྒྱབ་ན། འཛད་སྤྱོད་པས་རྙིང་པ་གསར་པར་བརྗེ་བའི་ཁྱིམ་སྤྱོད་གློག་ཆས་ཁྲི་10035ཉོས་ཡོད་པ་རེད།

ན་ནིང་ཟླ་3པར《གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་བརྗེ་དང་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་སྐུལ་འདེད་གཏོང་རྒྱུའི་བྱ་སྤྱོད་ཇུས་གཞི》བཀྲམ་རྗེས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ“གསར་གཉིས”པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་སྲོལ་བཙུགས་པ་དང་ཚོང་དོན་པུས་སྣེ་ཁྲིད་དེ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཡིག་ཆ་བཟོས་ཡོད། རྩེ་རིམ་ཇུས་འགོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ལ་ས་གནས་ཀྱིས་འཚོལ་ཞིབ་བྱེད་པར་སྐུལ་འདེད་ཧུར་ཐག་ཀྱང་བཏང་ཡོད། མིག་སྔའི་བར་ས་གནས་ཁག་གིས་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཁག་7000ལྷག་ཙམ་སྤེལ་བ་དང་ལོ་ཧྲིལ་པོར་བྱེད་སྒོ་ཐེངས་ཁྲི་3ཙམ་སྤེལ་རྩིས་ཡོད་པ་རེད།