གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་12ཉིན། 11:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་དབུ་ཚོགས་སྐབས་དགུ་པ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧོང་ཏུ་ར་སིར་གཉེར་བ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཚུད་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྐད་གྲགས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པས་རང་ཚུགས་རང་བརྟེན་དང་མཉམ་འབྲེལ་ཡར་ཐོན་མཐའ་འཁྱོངས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དང་མི་དམངས་ལ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགྲོ་ལམ་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་སྨོན་འདུན་སྙིང་དབུས་ནས་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་ནི་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་རྗེས་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་སོང་བ། མི་ཆོས་རིག་གནས་ཀྱི་འགྲོ་འོང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ནས་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་ཟབ་མི་ཆད་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ད་ལོ་ཀྲུང་གོ་ཕྱོགས་ཀྱིས་པེ་ཅིང་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པ་འཚོག་རྒྱུ་ཡིན་པས། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་ཁོངས་མི་ཁག་ཀྲུང་གོར་ཚོགས་འདུར་ཡོང་སྟེ། འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གྲོས་བསྡུར་དང་མཉམ་ལས་ཀྱི་བྱེད་སྒོ་གཟབ་རྒྱས་མཉམ་དུ་གཉེར་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་དགའ་བསུ་ཞུ་གི་ཡིན།