འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་12ཉིན།

༄༅།།ཀོང་ཀྲོའུ་ཚོང་འདུས་ཀྱི་ཕྱིར་གཏོང་འགྲེམས་སྟོན་ལ་ཞུགས་མཁན་ཁེ་ལས་ཁྲི་3ལས་ཐེངས་དང་པོ་བརྒལ་བ།

ཁེ་ལས་ཀྱི་གྲངས་འབོར་སྐབས་གོང་མ་དང་བསྡུར་ན་900ཙམ་མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་12ཉིན། 11:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས་སྐབས་137པ(ཀོང་ཀྲོའུ་ཚོང་འདུས)ཟླ་4ཚེས་15ཉིན་ནས་ཟླ་5ཚེས་5ཉིན་བར་ཀོང་ཏུང་གི་ཀོང་ཀྲོའུ་རུ་དུས་མཚམས་གསུམ་ལ་བགོས་ནས་འཚོག་རྒྱུ་དང་དྲ་ཐོག་གི་ལས་སྟེགས་མུ་མཐུད་རྒྱུན་ལྡན་ལྟར་ལས་གཉེར་བྱ་རྒྱུ་ཡིན་པ་རེད།

    སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་འགྲེམས་སྟོན་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་ཁྲི་155དང་། འགྲེམས་གནས་བསྡོམས་འབོར་ཁྲི་7.4ཙམ། འགྲེམས་ཞུགས་ཁེ་ལས་ཁྲི་3.1ཙམ་བཅས་ཡོད་པ་རེད། དེའི་ནང་ཕྱིར་གཏོང་འགྲེམས་གནས་ཁྲི་7.3ཙམ་ཡོད་པ་དང་འགྲེམས་ཞུགས་ཁེ་ལས་ཁྲི་3ལས་ཐེངས་དང་པོ་བརྒལ་ནས་སྐབས་གོང་མ་ལས་ཁེ་ལས་900ཙམ་མང་དུ་ཕྱིན་ཡོད་པ་རེད། ནང་འདྲེན་འགྲེམས་སྟོན་གྱི་འགྲེམས་གནས་1600ཙམ་ཡོད་པ་དང་རྒྱལ་ཁབ་དང་ས་ཁུལ་50ནས་ཡོང་བའི་ཁེ་ལས་736ཞུགས་པ་དེ་སྐབས་གོང་མ་དང་གཞི་རྩའི་ཆར་མཚུངས་ཡོད་པ་རེད།