འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་12ཉིན།

༄༅།།རྒྱལ་སའི་གྲོང་མི་ཁྲི་120ཡིས་ལྗོན་ཤིང་བཙུགས་ནས་ཁྱིམ་གཞིས་མཛེས་བཟོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་12ཉིན། 11:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དུས་ཡུན་གཟའ་འཁོར་གཅིག་གི་རྒྱལ་སའི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་འགན་སྒྲུབ་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། བྱེད་སྒོའི་ཁྲོད་རྒྱལ་སའི་གྲོང་མི་ཁྲི་120ཡིས་ལྗོན་ཤིང་དང་མེ་ཏོག་འདེབས་པ་དང་། སྤང་ལྗོངས་གཙང་སེལ། ནགས་ཤིང་འདེབས་གསོ། ལྗོན་ཤིང་བདག་སྐྱོང་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཤིང་འཛུགས་འོས་འགན་བསྒྲུབས་པ་རེད།

    ཟླ་4ཚེས་1ནས་7ཉིན་བར་གྱི་འོས་འགན་ཤིང་འཛུགས་འགན་སྒྲུབ་བྱེད་སྒོ་སྤེལ་རིང་། གྲོང་ཁྱེར་ཡོངས་སུ་ལྗོན་ཤིང་སྣ་ཚོགས་སྡོང་རྐང་ཁྲི་8ལྷག་ཙམ་བཙུགས་པ་དང་། ལྗོན་ཤིང་ཁྲི་102ལ་བདག་སྐྱོང་བྱས་པ། སྤང་ལྗོངས་སྨི་ངོས་གྲུ་ཁྲི་718གཙང་སེལ་བྱས་པ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བློ་འདྲིའི་ས་ཚིགས་458བཙུགས་པ་རེད། ད་ལོའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་གྱིས་ཚན་རིག་དང་མཐུན་པ་དང་། དངོས་སྒྲུབ། གྲོན་ཆུང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མེ་ཏོག་ལྡུམ་རའི་གྲོང་ཁྱེར་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ། སྔོན་ལ་ཡུལ་བབ་སྡོང་ཤིང་རིགས་དང་ཤིང་རིགས་སྣ་ཚོགས་བདམས་ནས་སྔོ་འགྱུར་སྣ་མང་ཅན་དུ་འགྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་བ་མ་ཟད། ལྗོན་ཤིང་གི་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་དུ་འགྱུར་བའི་འགན་ལེན་བྱས་པ་རེད།