གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 13:20】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས་11ཉིན་གྱི་ཆུ་ཚོད་6པར་མུ་མཐུད་རླུང་ཆེན་ལྡང་བའི་ལི་མདོག་གི་ཉེན་བརྡ་བཏང་བ་རེད། སྔོན་དཔག་བྱས་ན།
ཚེས་11ཉིན་གྱི་ཆུ་ཚོད་8ནས་ཚེས་12ཉིན་གྱི་ཆུ་ཚོད་8པའི་བར། ཞིན་ཅང་གི་ཤར་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་བྱང་རྒྱུད་དང་ཤར་རྒྱུད། ཉིང་ཞ། ཧྲའན་ཞིའི་དབུས་བྱང་རྒྱུད། ནང་སོག་གི་ས་ཁུལ་མང་ཆེ་བ། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད། ཧྭ་བྱང་། ཧོང་ཧོའེ། ཅང་ཧོའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རླུང་ཆེན་རིམ་པ་5ནས་7བར་ཡོད་པ་དང་། དྲག་རླུང་རིམ་པ་8ནས་10བར་ཡོད། དེའི་ནང་། ནང་སོག་གི་དབུས་ནུབ་རྒྱུད་དང་ཧོ་པེ་ཡི་བྱང་རྒྱུད་སོགས་ས་ཁུལ་གྱི་རླུང་ཤུགས་རིམ་པ་12ནས་13བར་དུ་སླེབས་སྲིད།
གནམ་གཤིས་རིགས་གཅིག་མཁས་ཅན་གྱིས། སྤྱི་དམངས་ཕྱིར་མི་འགྲོ་གང་ཐུབ་བྱེད་པ་དང་། རྐང་ཐང་བ་དང་རླངས་འཁོར་དག་རྩིག་བཟོས་མཐོན་པོ་དང་ཆེ་བ་དང་བརྡ་ཁྱབ་བྱང་བུ་སོགས་གནས་སྐབས་ཀྱི་སྐྲུན་དངོས་སམ་ཡང་ན་སྡོང་བོའི་འོག་ཏུ་སྡོད་མི་རུང་བའི་དྲན་སྐུལ་བྱས།