འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་11ཉིན།

༄༅།།ཐེ་རོན་ཕུས་ལྐོག་བསད་ཀྱི་གྱོད་དོན་འདི་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་11ཉིན། 13:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཕྱི་རྒྱལ་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་སྲིད་གཞུང་གིས་1968ལོའི་མ་ཏིན་·ལུའུ་ཏེ་·ཅིན་དང་ལུའོ་པོའོ་ཐེ་·ཁེན་ཉི་ཏི་ལྐོག་གསོད་བྱས་པའི་གྱོད་དོན་ཡུན་རིང་གསང་བའི་ཡིག་ཆ་ཁྱབ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

    ས་གནས་དེ་གའི་དུས་ཚོད་ཚེས་10ཉིན། ཨ་རིའི་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་ཞིབ་པ་ཅ་པཱ་ཏེས། “ངས་མི་100ལྷག་ཙམ་བཀོད་སྒྲིག་བྱས་ནས། ཉིན་མཚན་དབྱེར་མེད་དུ་གྲོས་མི་ལུའོ་པོའོ་ཐེ་·ཁེན་ཉི་ཏི་ལྐོག་གསོད་ཀྱི་གྱོད་དོན་དང་དེ་བཞིན་མ་ཏིན་·ལུའུ་ཏེ་·ཅིན་ལྐོག་གསོད་ཀྱི་གྱོད་དོན་སྐོར་གྱི་ཡིག་ཆ་བཤེར་འབེབས་བྱས་ཡོད། ཡིག་ཆ་དེ་དག་དེའི་གོང་ལ་བཤེར་འབེབས་བྱེད་མྱོང་མེད་ལ་ཡོངས་བསྒྲགས་ཀྱང་བྱེད་མྱོང་མེད་”ཅེས་བཤད་པ་རེད།

   ཅ་པཱ་ཏེས། “ང་ཚོས་ཉིན་འགའི་ནང་ཡིག་ཆ་དེ་དག་ཁྱབ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད།

   ཅ་པཱ་ཏེས། རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་དང་། ཀྲུང་དབྱང་གསང་འཕྲིན་ཅུས། སྒྲིག་གཞི་གཞན་དག་བཅས་ཀྱི་ཉར་འཇོག་གི་སྒམ་སྔོག་བཤེར་བྱས་ནས་ཡིག་ཆ་དེ་བས་མང་པོ་རྙེད་ཐུབ་མིན་གཏན་འཁེལ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།