འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་11ཉིན།

༄༅།།ཡོངས་བསྒྲགས་གལ་ཆེན། ནོར་བུ་བསྔོགས་ཐུབ་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་11ཉིན། 13:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    གསར་འགོད་པར་དེ་རིང་(ཚེས་10ཉིན་)རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་《གསར་རྙེད་བྱུང་བའི་གཏེར་རིགས་སྤྱི་བསྒྲགས་》ཡོངས་བསྒྲགས་བྱས་པ་དེ་ནི་གཏེར་རིགས་གསར་པ་དྭངས་གཙང་གི་དཀར་གོང་གཏེར་རིགས་ཡིན་པ་གཏན་འཁེལ་བྱུང་བ་རེད།

    གཏེར་ཁ་འདི་ཐོན་པ་དེས་དེའི་གོང་ལ་ནང་འདྲེན་འབོར་ཆེན་བྱེད་དགོས་པའི་རྣམ་པ་བསྒྱུར་ནས་འབྲེལ་ཡོད་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྤུས་ཚད་མཐོན་པོར་འཕེལ་རྒྱས་གཏོང་རོགས་ཐུབ་པ་རེད། རང་བྱུང་ཐོན་ཁུངས་པུའུ་ཡིས་ད་ཐེངས་བཙུགས་ནས་གཏན་འཁེལ་བྱས་པའི་གཏེར་རིགས་གསར་པ་དྭངས་གཙང་གི་དཀར་གོང་གཏེར་རིགས་ཡིན་པར་ངེས་གཏན་འཁེལ་བ་ཟེར་བ་ནི་གཏེར་ཁ་འདེམས་པ་དང་དྭངས་གཙང་ཏུ་བཅོས་པ་བརྒྱུད་དབྱང་གཉིས་སྭེལ་བའི་དྭངས་གཙང་གི་ཚད་གཞི་99.995%ལས་མི་དམའ་བ་དང་། ལྷད་དང་ཐུམ་གཟུགས་འདུས་ཚད་ཀྱིས་འདྲེན་གཟུགས་ཕྱེད་གཟུགས་དང་འོད་ཧྥུ་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་དགོས་མཁོ་སྐོང་ཐུབ་པའི་བྲག་རྡོར་ཟེར།

    རང་བྱུང་ཐོན་ཁུངས་པུའུ་གཏེར་རྫས་ཐོན་ཁུངས་སྲུང་སྐྱོང་ལྟ་སྐུལ་སིའི་སི་ཀྲང་ཧོང་ཞུའེ་ཞུང་གིས། དྭངས་གཙང་གི་དཀར་གོང་གཏེར་ཁ་ནི་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་ཀྱི་འགག་རྩའི་རྨང་གཞིའི་རྒྱུ་ཆ་ཡིན་པའི་ངོས་ནས། དྭངས་གཙང་གི་དཀར་གོང་གཏེར་ཁ་དེ་གཙོ་བོ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གཏེར་རྫས་ཐོན་ཁུངས་ཀྱི་དཀར་ཆག་ནང་བཅུག་ནས། དྭངས་གཙང་གི་དཀར་གོང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལས་གྲྭའི་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་ནས། གཏེར་གྲུབ་རིགས་པའི་གཞུང་ལུགས་དང་རྩད་ཞིབ་གདེང་འཇོག་ལག་རྩལ། དབྱེ་འབྱེད་དྭངས་གཙང་ལག་རྩལ་སོགས་ཚན་རྩལ་གྱི་འགག་སྒྲོལ་བྱས་ནས། རྒྱལ་ཡོངས་ཀྱི་ཐོན་ཁུངས་བརྟག་དཔྱད་གདེང་འཇོག་ལས་དོན་གཅིག་གྱུར་ངང་སྤེལ་བ་དང་། རྩད་ཞིབ་རྣམ་གྲངས་གཙོ་གནད་བཀོད་སྒྲིག་བྱས་ཏེ། དྭངས་གཙང་གི་དཀར་གོང་གཏེར་ཁའི་ཐོན་ཁུངས་གསོག་ཚད་རྩད་གཅོད་བྱས་ཏེ། རྒྱལ་ནང་གི་ཐོན་ཁུངས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས།