ཟླ་3ཚེས་21ཉིན་བར་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་30ལས་བརྒལ་བ་སྐྱེལ་འདྲེན་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 12:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་གྱིས་སྐྱེལ་འདྲེན་བྱས་པའི་དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་34.52ཟིན་པ་དེ་དུས་མཚུངས་ལས་68.2%འཕར་བ་དང་འཕར་ཚད་འདི་ལོའི་ཟླ་བ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་9.8འཕར་ནས་འཕར་ཚད་སྔར་བས་མགྱོགས་སུ་ཕྱིན་ཡོད། དེའི་ནང་ཟླ་3ཚེས་21ཉིན་བར་འདི་ལོའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་སྐྱེལ་འདྲེན་བྱས་པའི་དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་30ལས་བརྒལ་ནས་ན་ནིང་ལས་ཉིན་51གིས་སྔ་བ་ཡོད།
འདི་ལོ་ཚུན་དུ་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པར་བརྟེན་ནས། ཁམ་ཕུ་ཁྲེའི་འབྲས་དང་ཐེ་ལན་གྱི་དྲི་ཞིམ་བེ་ཏ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་ཟོག་རྒྱུན་ཆད་མེད་པར་རྒྱལ་ནང་དུ་དྲངས་ནས་མི་སེར་གྱི་ཅོག་ཙེའི་ཐོག་གི་ཞིམ་ཟས་སྣ་ཁ་ཕུན་སུམ་ཚོགས་སུ་བཏང་ཡོད་ལ། རྒྱལ་ནང་གི་ཁྱད་ལྡན་ཐོན་རྫས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པོའང་བྱུང་ཡོད། ནུབ་རྒྱུད་ས་ཁུལ་གྱི་རང་རྒྱལ་ནས་བཟོས་པའི་རླངས་འཁོར་གྱིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི“ལྕགས་ལམ་JSQམེ་འཁོར(རླངས་འཁོར་སྐྱེལ་འདྲེན་བྱེད་པའི་ལྕགས་ལམ་དངོས་ཟོག་གི་ཆེད་སྤྱོད་མེ་འཁོར)+མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས”སྦྲེལ་མཐུད་བྱེད་སྟངས་བརྒྱུད། དབུས་ཤར་ས་ཁུལ་དུ་ཕྱིར་གཏོང་བྱས་ནས་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་ལ་བདེ་འཇགས་དང་། ནུས་ཆེ། སྟབས་བདེ། གྲོན་ཆུང་བཅས་ཀྱི་སྐྱེལ་འདྲེན་ཇུས་གཞི་མཁོ་འདོན་བྱས་ཡོད།