འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་11ཉིན།

༄༅།།བོད་ལྗོངས་ཀྱི་ལྗང་མདོག་གློག་ཤུགས་ཅང་སུའུ་དང་ཨན་ཧུའེ་ལ་ཐོག་མར་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་11ཉིན། 09:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2025ལོའི་དུས་ཚིགས་དང་པོར། པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་མཐུན་སྦྱོར་སྒྲིག་འཛུགས་འོག་བོད་ལྗོངས་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་ཟླ་4པར་བོད་ནས་ཅང་སུའུ་དང་ཨན་ཧུའེ་ལ་ལྗང་མདོག་གློག་ཤུགས་གཏོང་བའི་ཉོ་ཚོང་བདེ་བླག་བྱུང་བ་དང་། ཉོ་ཚོང་གློག་འབོར་ཆུ་ཚོད་ཆན་ཝ་ཁྲི་1158ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་བོད་ཀྱིས་ཁྲོན་བོད་སྤེལ་རེས་བགྲོད་ལམ་དང་། ཅིན་ཕིང་དང་སུའུ་ནན་གྱི་ཐད་རྒྱུག་གློག་གཏོང་ལས་གྲྭར་བརྟེན་ནས་ཅང་སུའུ་དང་ཨན་ཧུའེ་ལ་ལྗང་མདོག་གློག་ཤུགས་་ཐེངས་དང་པོ་བཏང་བ་དང་། དེ་ནི་བོད་ཀྱིས་འདི་ལོ་ཚུན་དུ་པེ་ཅིང་ཕུད་པའི་ཞིང་ཆེན་དབར་ལྗང་མདོག་གློག་ཤུགས་ལྗོངས་ཕྱིར་གཏོང་བའི་ལག་ལེན་གལ་ཆེན་གཞན་ཞིག་ཀྱང་ཡིན་པས། བོད་ཀྱི་བསྐྱར་སྐྱེས་ནུས་རྒྱུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།