འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།མཐོ་སློབ་སློབ་མ་དམག་ལ་ཞུགས་པར་སྐུལ་མ་བཏང་བ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 14:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉིན་ཤས་གོང་། སློབ་གསོ་པུའུ་ཡིས་བརྡ་ཐོ་དཔར་འགྲེམས་བྱས་ནས། དམག་བསྡུ་དྲིལ་བསྒྲགས་སློབ་གྲྭར་སྐྱོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མཐོ་སློབ་སློབ་མ་དམག་ནང་ཞུགས་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་སྤྲོ་སེམས་སྔར་བས་སྐུལ་སློང་བྱས་ཏེ། མཐོ་སློབ་སློབ་མ་དང་ལྷག་པར་དུ་ལོ་དེའི་སློབ་ཐོན་སློབ་མ་དམག་ནང་ཞུགས་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱས་ཡོད།

    བརྡ་ཐོའི་ནང་། མཐོ་སློབ་སློབ་མ་ནི་འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་ཐོན་ཁུངས་གལ་ཆེན་ཞིག་རེད། མཐོ་སློབ་སློབ་མའི་དམག་བསྡུ་དྲིལ་བསྒྲགས་ལེགས་པོ་བྱ་རྒྱུ་དེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་རྨང་གཞིའི་ལས་གྲྭ་ཞིག་ཏུ་བརྩིས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་། གཞོན་ནུ་སློབ་མ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བའི་བགྲོད་ལམ་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་བྱས་ཏེ། གཞོན་ནུ་སློབ་མས་རང་རྟོགས་ངང་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་གྱི་རླབས་ཆེན་བྱ་གཞག་དང་འདྲེས་པར་ཁྲིད་སྟོན་བྱེད་དགོས།

    དྲིལ་བསྒྲགས་ལས་དོན་གྱི་གཙོ་གནད་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། སྲིད་ཇུས་ཀྱིས་སྐུལ་ལྕག་བྱེད་པའི་དྲིལ་བསྒྲགས་འབུར་དུ་འདོན་པ། དམག་དཔུང་ནས་ཤེས་ལྡན་མི་སྣར་གྱུར་བའི་གཏམ་རྒྱུད་ཡག་པོར་བཤད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱེད་དགོས།

    དྲིལ་བསྒྲགས་ལས་དོན་གྱི་ཐེག་གཟུགས་གསར་གཏོད་དང་རྒྱ་སྐྱེད་གཏོང་བ་དང་། སྨྱན་སྦྱོར་ཡོངས་ཀྱི་ཁྱབ་སྤེལ་གྲལ་སྟར་འཛུགས་པ། ལངས་གཟུགས་ཅན་གྱི་དྲིལ་བསྒྲགས་རྣམ་པ་བསྐྲུན་པ། “དམག་བསྡུ་དྲིལ་བསྒྲགས་སློབ་གྲྭར་བསྐྱོད་པའི”བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། རྒྱལ་ཡོངས་དམག་བསྡུ་དྲ་བ་དང་། མཐོ་སློབ་ཀྱི་གཞུང་ཕྱོགས་དྲ་ཚིགས། སྐད་འཕྲིན་སྤྱི་སྟེགས། བརྙན་ཐུང་སྟེགས་བུ་སོགས་སྨྱན་སྦྱོར་གསར་པ་བེད་སྤྱོད་གང་ལེགས་བྱས་ནས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བསྐྲུན་དགོས།

    རིགས་དབྱེ་མཛུབ་སྟོན་ལ་ཤུགས་བརྒྱབ་ནས་སློབ་རྒྱུས་དང་ལོ་རིམ་མི་འདྲ་བའི་སློབ་མའི་ཁྱད་ཆོས་ལ་དམིགས་ནས་ཁྱད་པར་ཡོད་པའི་དྲིལ་བསྒྲགས་བྱེད་པ་དང་། དྲིལ་བསྒྲགས་ཀྱི་ཕན་འབྲས་ལ་མཐོང་ཆེན་དང་། དམག་ལ་ཞུགས་པའི་ལམ་ཁ་ཤར་བགྲོད་ཡོང་བར་བྱེད་པ། གཞོན་ནུ་སྔར་ལས་མང་པོ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་དམག་ལ་ཞུགས་པར་སྐུལ་ནས་ཟླ་8པའི་སྔོན་ལ་ལོ་འདིའི་སློབ་ཐོན་སློབ་མའི་སྔོན་བཀོད་དམག་གི་ལས་དོན་ལེགས་པར་འགྲུབ་དགོས།