འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།བོད་ལུགས་གསོ་རིག་ཞིབ་འཇུག་སློབ་མའི་སློབ་དེབ་འགྲེམས་སྟོན་མཛད་སྒོ་ལྷ་སར་སྤེལ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 14:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་8ཉིན། བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་འགྲེམས་སྟོན་མཛད་སྒོ་ལྷ་སར་སྤེལ། དེས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱ་རྒྱུ་སྒྲིག་གཞི་ཅན་དང་མ་ལག་ཅན་གྱི་དུས་རིམ་གསར་པར་སླེབས་པར་མཚོན།

    བོད་ལྗོངས་བོད་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་དོན་གྲུབ་ཀྱིས། ད་ཐེངས་འགྲེམས་སྤེལ་བྱས་པའི་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་མུ་འབྲེལ་སློབ་དེབ་ལ་བོད་སྨན་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གསུང་རབ་ཞིབ་འཇུག ནད་ཐོག་ལག་ལེན། བོད་སྨན་རིག་པ། གནམ་དཔྱད་སྐར་རྩིས་བཅས་རིགས་ཆེན་ལྔ་ཚུད་ཡོད་པ་དང་། ཁྱོན་ཁག་14ཚུད་ཡོད་པ་ངོ་སྤྲོད་བྱས།

    ངོ་སྤྲོད་བྱས་པར་གཞིགས་ན། སློབ་དེབ་རབ་དང་རིམ་པ་དེ་ནི་རྒྱལ་ཡོངས་ཀྱི་བོད་སྨན་དང་དེ་བཞིན་གནམ་དཔྱད་སྐར་རྩིས་ཁྱབ་ཁོངས་ནས་ཡོང་བའི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་གྱིས་ལོ་མང་རིང་རྩོམ་སྒྲིག་ཞིབ་ཚགས་བྱས་ནས་ལེགས་གྲུབ་བྱུང་བ་ཞིག་རེད།