འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།ཨ་རིར་བསྐྱོད་རྒྱུ་གཟབ་དགོས་པའི་དྲན་སྐུལ་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 13:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཨ་རིར་འགྲོ་བའི་ཀྲུང་གོའི་ཡུལ་སྐོར་བར་ཉེན་བརྡ་བཏང་། ཉེ་དུས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་། དེ་བཞིན་ཨ་རིའི་རྒྱལ་ནང་གི་བདེ་འཇགས་གནས་བབ་ཀྱི་དབང་གིས་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཀྲུང་གོའི་ཡུལ་སྐོར་བར་ཨ་རིར་ཡུལ་སྐོར་དུ་སྐྱོད་པའི་ཉེན་ཁར་དཔྱད་དཔོག་གང་ལེགས་བྱས་ཏེ་གཟབ་ནན་བྱ་དགོས་པའི་དྲན་སྐུལ་བྱས་པ་རེད།