འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།སེ་འབྲུའི་མེ་ཏོག་བཞད། རྡོག་པོ་གཅིག་ཏུ་འགྲིལ།

—— བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཐང་མགོ་ཤང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 09:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཡངས་པའི་ས་གཞི་ཆེན་པོར་ཐག་རིང་ལུང་ཁུག་ཏུ་ཆགས་ཀྱང་སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་འཕེལ་བའི་ཐང་མགོ་ཤང་ཟེར་བའི་ཞིང་འབྲོག་ཁུལ་གྱི་ཤང་གྲོང་ཞིག་ཡོད། དེ་གར་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་ཡུལ་ལྗོངས་ཡོད་ལ། དེ་བས་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཀྱང་ཡོད། ཉེ་བའི་ལོ་ཤས་རིང་། ཐང་མགོ་ཤང་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་རྒྱུར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་རབ་དང་རིམ་པ་བརྩམས་ཡོད།

འདི་ནི“དཔྱིད་ཀར་སྟག་མའི་མེ་ཏོག་ལ་ལྟ་བའི”སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི“དཔྱིད་ཀར་སྟག་མའི་མེ་ཏོག་ལ་ལྟ་བའི”སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ཏང་འཛུཌ་སྐྱོང་གིས་སྣེ་ཁྲིད་བྱས་ནས།

   མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བཙུགས་པ།

    ཐང་མགོ་ཤང་དུ་བསྐྱོད་ཚེ། ཁྱེད་ཀྱིས་ཏང་འཛུགས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་ངང་གིས་ཚོར་ཐུབ། ཤང་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། བརྗོད་དོན་གཙོ་བོའི་སློབ་གསོ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བཅས་སྤེལ་བ་རེད། ཁོང་ཚོས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་ཤེས་བྱར་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། ཏང་གི་ཆོས་ལུགས་སྲིད་ཇུས་གཞི་རིམ་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སློབ་གསོའི་འཆར་གཞིའི་ནང་བཅུག་ནས་ཏང་གི་གསུང་སྒྲ་གང་སར་ཁྱབ་ཐུབ་པར་བྱས་པ་རེད།

ཐོན་ལས་དར་སྤེལ་བཏང་ནས།

    མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་མཛེས་རིས་བརྐོས་པ།

    ཐོན་ལས་འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་གྱི་དངོས་པོའི་རྨང་གཞི་རེད། ཐང་མགོ་ཤང་ཏང་ཨུད་ཀྱིས་དེ་དོན་གསལ་པོར་ཤེས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཉིད་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། གཞི་རྩ་བརྟན་གཏོང་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་རྒྱུ་ནོར་ཕན་སྒྱུར་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། གྲོང་ཚོ་མཉམ་སྡེབ་ཀྱིས་སྒྲུབ་པ། མང་ཚོགས་ཧུར་ཐག་ཞུགས་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།

    ཐོན་ཁུངས་ཀྱི་ལེགས་ཆ་ཕུན་སུམ་ཚོགས་པོར་བརྟེན་ནས་ཐང་མགོ་ཤང་གིས་རྭ་སྒྲེང་ཡུལ་སྐོར་ཉམས་ལེན་ལྟེ་གནས་བསྐྲུན་པ་དང་འབྲེལ“དཔྱིད་ཀར་སྟག་མའི་མེ་ཏོག་ལ་ལྟ་བའི”སྐྱེ་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་གྲུབ་འབྲས་ལྡན་པའི་ངང་གཉེར་ཞིང་། དཔྱིད་ཀ་སླེབས་སྐབས། རི་ཀླུང་གང་སར་སྟག་མའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུགས་ཡོད། བྱེད་སྒོ་དེས་ཤང་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ནུས་ལྡན་ཐུབ་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་མ་ཐེབས་ཡོད།

འདི་ནི་ཐང་མགོ་ཤང་ཏང་ཨུད་ཀྱིས་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྒྱལ་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

འདི་ནི་ཐང་མགོ་ཤང་ཏང་ཨུད་ཀྱིས་གྲོང་ཚོའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྒྱལ་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་པ།

    ད་ཆ་གྲོང་ཚོ་བཞི་པོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་700ཟིན་ཞིང་། སྒོར་ཁྲི་569བགོ་འགྲེམས་བྱས་པ་དེ་ལོ་གསུམ་གོང་གི་ཁེ་གཙང་ཡོང་འབབ་ལས་ལྡབ་6མང་དུ་སོང་ཡོད། ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་དང་བྱ་གཞག་གཏོད་པའི་སྤྲོ་སེམས་རབ་ཏུ་འཕེལ་ནས་ཁོང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མཛེས་རིས་ཤིག་བརྐོས་ཡོད།

རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱས་ནས།

    མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་བཏོད་པ།

    མི་རིགས་ཁག་དབར་གྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད། ཐང་མགོ་ཤང་ཏང་ཨུད་ཀྱིས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཁོང་ཚོས་དུས་བཀག་ལྟར་མི་རིགས་རིག་རྩལ་སྐོང་འཁྲབ་དང་མི་རིགས་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གཉེར་ནས་མི་རིགས་ཁག་གི་མང་ཚོགས་རྣམས་བྱེད་སྒོའི་སྤྲོ་སྣང་ཁྲོད་ཕན་ཚུན་རྒྱུས་ལོན་དང་མཛའ་འབྲེལ་ཟབ་ཏུ་བཏང་བ་མ་ཟད། ཁོང་ཚོས་ད་དུང་སྐད་གཉིས་སློབ་གསོ་ཁྱབ་གདལ་ཧུར་ཐག་བཏང་ནས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོ་སློབ་སྦྱོང་བྱེད་རིང་ཕན་ཚུན་རོགས་རམ་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱས་ཡོད།

དཔེ་མཚོན་གྱི་མིག་དཔེ་བསྟན་ནས།

མི་རིགས་མཐུན་སྒྲིལ་གྱི་དར་སྲོལ་བཟང་པོ་ཆགས་རྒྱུར་སྣེ་ཁྲིད་བྱས་པ།

    ཐང་མགོ་ཤང་དུ་ད་དུང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད། ཁོང་ཚོ་ལ་ལ་ནི་གཞི་རིམ་དུ་རྩ་བ་ཚུགས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་ཏང་ཡོན་ལས་བྱེད་པ་ཡིན་པ་དང་། ལ་ལ་ནི་ངལ་རྩོལ་ཕྱུག་འགྱུར་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་འཕེལ་རྒྱས་གཏོང་བའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན། ལ་ལ་ནི་སྤྱི་ཕན་ལ་སྤྲོ་སེམས་ཆེ་ཞིང་སྤྱི་ཚོགས་ཀྱི་ཞབས་ཞུའི་ནང་ཧུར་ཐག་ཞུགས་མཁན་དང་བླངས་པའང་ཡིན།

    སྔོན་ཐོན་གྱི་དཔེ་མཚོན་དེ་དག་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་དང་རིན་ཐང་ལ་འགྲེལ་བཤད་བརྒྱབ་ཅིང་། ཁོང་ཚོའི་བྱས་རྗེས་ལ་ཐང་མགོ་ཤང་གི་གྲོང་མི་ཚང་མའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོན་ཐོན་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་མིག་དཔེ་བཟང་པོར་འགྱུར་རྒྱུར་ལྕག་སྐུལ་ཐེབས་པས། ཁོང་ཚོའི་སྣེ་ཁྲིད་འོག་ཐང་མགོ་ཤང་གི་མི་རིགས་ཁག་གི་མང་ཚོགས་དབར་གྱི་མཛའ་འབྲེལ་སྔར་བས་ཟབ་ཏུ་ཕྱིན་ཡོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཐང་མགོ་ཤང་གིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུར་དམིགས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། འབྱུང་འགྱུར་ཐང་མགོ་ཤང་འདི་ཉིད་སྔར་བས་མཛེས་སྡུག་དང་། ཕྱུག་འགྱུར། ཞི་མཐུན་བཅས་ལྡན་པ་ཞིག་ཏུ་གྱུར་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དང་ཚད་ཤིང་ཞིག་ཏུ་འགྱུར་ངེས་རེད།

(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)