གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 09:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་གྱིས་དུས་བདེ་འཛུགས་སྐྲུན་དམིགས་ཚད་ལ་དམ་པོར་དམིགས་ནས་ཁྲིམས་འཛུགས་ལས་དོན་དེ་སྤྱི་ཚོགས་བཅོས་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་མཚོ་སྔོན་བསྐྲུན་པར་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི“རྒྱབ་རྟེན”མཁོ་འདོན་བྱས་ཡོད།
ཁྲིམས་འཛུགས་རྣམ་གྲངས་གཙོ་གནད་ལ་སྐུལ་འདེད་གཏོང་རིང་། ཁྲིམས་འཛུགས་ཁ་ཕྱོགས་ཁོང་དུ་གནད་སྨིན་ཆུད་པར་བྱས་ཤིང་། མཚོ་སྔོན་ཞིང་ཨུད་ཀྱི་ཐབས་ཇུས་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་བླང་བྱ་དེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་རོགས་ལས་པའི་དོ་དམ་སྲོལ་ཡིག》བཟོ་རོགས་བྱས་ཏེ། ལས་རོགས་ཉེན་རྟོག་པའི་དཔུང་ཁག་དོ་དམ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ངེས་ཅན་བཏང་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་སྲོལ་ཡིག》བཏོན་ནས་དུག་འགོག་ལས་དོན་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་རྒྱུན་ལྡན་གྱི་སྲོལ་ལམ་དུ་སླེབས་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་དོན་ཚན་དང་འབྲེལ་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་དོ་དམ་སྲོལ་ཡིག》བཏོན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
ཁྲིམས་འཛུགས་སྤྱི་འདོམས་ཐད“བཟོ་བཅོས་དོར་གསུམ”མཐུན་སྦྱོར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་ལྟ་ཞིབ་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཡོད། བློ་ཐག་ཆོད་པོས《མཚོ་སྔོན་ཞིང་ཆེན་གྱི་ལས་ཐོག་ཉེས་གསོག་སྔོན་འགོག་ལས་དོན་སྲོལ་ཡིག》སོགས་ཁྲིམས་སྲོལ་མེད་པར་བཟོས་པ་དང་ཆབས་ཅིག་བཅའ་ཁྲིམས་རོགས་སྐྱོར་སོགས་ཁྲིམས་སྲོལ་གསར་སྒྱུར་ལ་་སྐུལ་འདེད་ཧུར་ཐག་བཏང་བ་དང་ཁྲིམས་སྲོལ་གྲོས་གཞི་མང་པོ་ཞིག་ལ་ཞིབ་བཤེར་དང་བཟོ་བཅོས་བརྒྱབ་ནས་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་དབང་གྲགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ལྟ་ཞིབ་ཁྲིམས་འཛིན་ཨུ་ལྷན་གྱིས་ད་དུང་གྲོང་ཁྱེར(ཀྲོའུ)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དུས་བདེ་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ཐད་སྔོན་དུ་འཚོལ་ཞིབ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་དུས་བདེ་འཛུགས་སྐྲུན་སྲོལ་ཡིག་ལ་ཞིབ་བཤེར་ཆོག་མཆན་སྤྲད་ནས་ས་གནས་གཉིས་ཀྱིས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དུས་བདེ་འཛུགས་སྐྲུན་གྱི་ལས་ཀའི་བཀོད་པ་དང་ལམ་ལུགས་མ་ལག་གཏོད་རྒྱུར་རོགས་རམ་བྱས་ཡོད།