འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་འགོ་ཁྲིད་ཀྱིས་འདི་དག་གྲོས་མོལ་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 15:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ནོར་སྲིད་གཞུང་དོན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་གིས་ཚེས་8ཉིན་པེ་ཅིང་དུ་ཨ་རིའི་པུའུ་ལུའུ་ཅིན་སི་རིག་གཞུང་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་སང་ཏུན་དང་མཇལ་འཛོམས་གནང་ནས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་། སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ཐད་ལྟ་ཚུལ་བརྗེ་རེས་གནང་བ་རེད།

ཧོ་ལི་ཧྥེང་གིས། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ་ང་ཚོས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་སྒྱུར་བཅོས་སྔར་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་བོ་ངོ་མར་བརྟེན་ནས་ཕྱི་རོལ་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད།

སང་ཏུན་གྱིས། ཨ་རི་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན་པས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་ནུས་པ་འདོན་འདོད་ཡོད་ཅེས་བཤད།