གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 15:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་7ཉིན་རྒྱལ་སྤྱིའི་གསེར་གྱི་རིན་གོང་ཆག་ཚད་2%ལས་བརྒལ་ཡོད། ལྕགས་རིགས་རྩ་ཆེན་ཐད། བསྟུད་མར་ཉིན་ཁ་ཤས་ལ་ཧྭ་ཨར་སྲང་ལམ་གྱི་མ་དངུལ་འཇོག་མཁན་མང་པོ་ཞིག་གིས་ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་སྲིད་ཕྱོད་བསྟུད་མར་མཐོ་རུ་བཏང་བ་དང་། མ་དངུལ་འཇོག་མཁན་ཁ་ཤས་ཀྱིས་གསེར་ཚུད་པའི་མ་དངུལ་འཇོག་བྱའི་དམིགས་བྱ་ཡོད་ཚད་ཉུང་དུ་གཏོང་འགོ་བརྩམས་ནས་སྒོར་མོར་བརྗེ་བ་རེད། ཤུགས་རྐྱེན་འདིའི་དབང་གིས་ཚེས་7ཉིན་རྒྱལ་སྤྱིའི་གསེར་གྱི་རིན་གོང་ཆག་ཚད་2%ལས་བརྒལ་བ་རེད། ཚོང་མཇུག་བསྒྲིལ་བའི་བར། ཉིའུ་ཡོག་ཚོང་ཟོག་ཉོ་ཚོང་ཁང་གི་ཟླ་6པའི་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་2973.6བསྡུས་པ་དང་ཆག་ཚད་2.04%ཟིན་ཡོད་པ་རེད།