གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 15:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་ཀྱིས་ཧོ་པེ་ཞིང་ཆེན་དང་། ཧྲན་ཞི་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཅི་ལིན་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཅང་ཞི་ཞིང་ཆེན། ཧོ་ནན་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཧའེ་ནན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ལ་རྒྱུན་ལྡན་གྱི་སྐོར་གཟིགས་བྱ་རྒྱུ་དང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལ་རིམ་སྤར་སྐོར་གཟིགས་བྱ་རྒྱུ། འབྲེལ་ཡོད་ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ལས་ཁུངས་དང་མཉམ་དུ་ཁྲང་ཁྲུན་གྲོང་ཁྱེར་དང་། ཧང་ཀྲོའུ་གྲོང་ཁྱེར། ཉིང་པོ་གྲོང་ཁྱེར། ཝུའུ་ཧན་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར་སོགས་ཞིང་ཆེན་གྱི་རིམ་པ་གཞོན་པའི་གྲོང་ཁྱེར་5ལ་མཉམ་འགུལ་སྐོར་གཟིགས་ཀྱང་བྱ་རྒྱུ་རེད།