གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 15:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། ཟླ་4ཚེས་6ཉིན་གྱི་ཆུ་ཚོད་20བར། རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་སྤྱིར་ན་བརྟན་པོ་བྱུང་ནས་ལས་འཛོལ་ཚབས་ཆེན་ཐོན་མེད་པ་རེད།
དུས་ཚིགས་མ་ཤར་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་གྱིས་རུ་སྣེ་ཁྲིད་པའི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་ཨང་22པས་ས་གནས་ཁག་ཏུ་བསྐྱོད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་དང་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཞབས་ཞུ་བསྒྲུབས་ནས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བསལ་ཡོད་པ་རེད། རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་དྭངས་གསལ་དུས་ཚིགས་རིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཆེད་མངགས་བཀོད་གཏོང་དང་བཀོད་སྒྲིག་བྱས་ཏེ། མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ཞིང་ཆེན་10རུ་ནགས་ཚལ་གྱི་མེ་སྐྱོན་ཉེན་ཁ་ཆེ་བའི་སྔོན་ཚུད་ཉེན་བརྡ་ལི་མདོག་བཏང་ནས་མེ་སྐྱོན་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཚུད་ཉེན་བརྡ་དང་ལེན་བྱེད་ཐབས་དོན་འཁྱོལ་བྱེད་པ། མེ་སོན་ལ་དོ་དམ་ཚོད་འཛིན་ནན་དུ་གཏོང་བ་བཅས་བྱས་ནས་འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་ལས་འཛོལ་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བདེ་འཇགས་འགོག་ཟོན་ལས་དོན་བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཉེན་རྟོག་པ་མི་ཐེངས་ཁྲི་2.2ལྷག་ཙམ་བཏང་ནས་ཉེན་བརྡ་དང་ལེན་བྱེད་པ་དང་མེ་ཟོན་རོགས་སྐྱོབ་རུ་མི་མི་ཐེངས་ཁྲི་24.5ལྷག་ཙམ་བཏང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་དང་དམངས་སྲོལ་གནས་ཚང་། ཉོ་སྒྲུབ་འདུ་འཛོམས་ཆེ་ས། སྤྲོ་གསེང་རོལ་རྩེད། སྤྱི་པའི་བང་སོའི་སྐྱེད་ཚལ་སོགས་ཚན་པ་ཁྲི་1ལྷག་ཙམ་ལ་གྲལ་བཤེར་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་ས་ཁྲི་1.1ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་སྦྲགས་དག་ཐེར་བྱ་རྒྱུར་ལྟ་སྐུལ་བྱས་པ། མི་ཐེངས་8700ལྷག་ཙམ་བཏང་ནས་གཙོ་གནད་ནགས་ཁུལ་དང་རང་བྱུང་སྲུང་སྐྱོང་ཁུལ་248དུ་མེ་སྐྱོན་སྔོན་འགོག་གི་ཆེད་དོན་བྱ་སྤྱོད་སྤེལ་ཡོད། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གིས་མི་ཐེངས་3380ཙམ་བཏང་ནས་ཁེ་ལས་480ལྷག་ཙམ་ལ་ཉེན་ཁ་སྔོན་འགོག་དང་བདེ་འཇགས་ལག་རྩལ་གྱི་ཞབས་ཞུ་བསྒྲུབས་ཡོད་པ་རེད།