གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 14:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4པའི་ཚེས་5ཉིན། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་སྟོན་སྐབས་ཉེར་གཉིས་པའི་རིང་ལ་ཁ་ལོ་བ་མེད་པའི་མི་སྡོད་རིག་ནུས་གནམ་གྲུ་ཞིག་མཚོ་འཕགས་3000ཡན་གྱི་མཐོ་ཚད་དུ་འཕུར་ཐེངས་ཐོག་མ་ལམ་ལྷོང་བྱུང་། ཐོག་མར་འཕུར་སའི་ཡུལ་དངོས་ནས་ཁ་ལོ་བ་མེད་པའི་གནམ་གྲུ་དེ་བར་སྣང་དུ་དལ་བུར་ཇེ་མཐོར་འཕུར་དུས་ཡུལ་སྐོར་བ་རྣམས་ངོ་མཚར་ཆེན་པོ་བྱུང་སྟེ་ནམ་མཁར་ལྟ་བཞིན་ཡོད་ལ། ས་ལ་འབབ་དུས་ཚང་མ་གནམ་གྲུའི་མཐའ་འཁོར་དུ་འདུས་ནས་ལྟད་མོར་ལྟ་བ་དང་འདྲ་པར་ལེན་པ་སོགས་བྱེད་བཞིན་ཡོད།
ཁ་ལོ་བ་མེད་པའི་མི་སྡོད་རིག་ནུས་གནམ་གྲུ་ནི་ཧོ་ཧྥེ་དང་ཧང་ཀྲོའུ་སོགས་ནས་བར་སྣང་དམའ་ས་རུ་ཡུལ་སྐོར་ལྟད་མོའི་རིགས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་མ་ཟད། འཛམ་གླིང་ཐོག་རྒྱལ་ཁབ་བཅུ་དགུ་རུ་བདེ་འཇགས་ངང་འཕུར་ཐེངས་6500བྱས་ཟིན་པ་རེད།