འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།ཀྲུང་གོས་ཅིས་ཀྱང་འགྲན་རྒོལ་བྱེད་ངེས་ཡིན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 14:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཕྱི་འབྲེལ་པུའུ་ཡིས་གལ་ཏེ་ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་མཐའ་འཁྱོངས་བྱས་ཚེ་ཀྲུང་གོས་ཅིས་ཀྱང་འགྲན་རྒོལ་བྱེད་ངེས་ཡིན།

    ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་50%སྣོན་བསྡུ་བྱ་རྒྱུའི་འཇིགས་སྐུལ་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཟླ་4ཚེས་8ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་ཚབས་ཆེན་བྱེད་པ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གནོད་འཚེ་ཚབས་ཆེན་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་གྱི་བརྟན་བརླིང་ལ་རྡུང་རྡེག་ཚབས་ཆེན་གཏོང་བ་བཅས་ནི་དཔེ་མཚོན་ཅན་གྱི་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་དང་། དཔལ་འབྱོར་བཙན་ཤེད་བཅས་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད།

    ལིན་ཅན་གྱིས་ཚོང་དོན་དམག་འཁྲུག་དང་སྒོ་ཁྲལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་འགྲོ་ལམ་མེད། ཀྲུང་གོ་བས་དོན་དག་མི་བཟོ་ཡང་དོན་དག་བྱུང་ན་དེ་ལ་མི་སྐྲག གནོན་ཤུགས་སྤྲོད་པ་དང་འཇིགས་སྐུལ་བཟོ་བ་། བསླུ་བྲིད་གཏོང་བ་བཅས་ནི་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་ཡང་དག་པའི་བྱ་ཐབས་ཤིག་མིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རང་ཉིད་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ངེས་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་ལ་སྣང་མེད་དུ་བཞག་ནས་སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་མཐའ་འཁྱོངས་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་ཅིས་ཀྱང་འགྲན་རྒོལ་བྱེད་ངེས་ཡིན།