འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

བོད་ལྗོངས་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི“སྐལ་བཟང་མེ་ཏོག”བུད་མེད་ཞབས་ཞུའི་ཉེན་རྟོག་ཚོགས་ཆུང་གིས།

༄༅།།བློ་བརྟན་འགྱུར་མེད་དང་བརྩེ་བ་ཟབ་མོས་འགྲུལ་བཞུད་བདེ་འཇགས་ཡོང་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 10:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མཚོ་བོད་ས་མཐོའི་ལྕགས་ལམ་ཐོག “སྐལ་བཟང་མེ་ཏོག”བུད་མེད་ཞབས་ཞུའི་ཉེན་རྟོག་ཚོགས་ཆུང་གི་གཟུགས་བརྙན་ནི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ལམ་ཐིག་ཅིག་རེད། ལྷ་ས་ནས་ཉིང་ཁྲི་དང་གཞིས་རྩེའི་བར་གྱི་ཤུགས་འགྲེམས་མེ་འཁོར་ཐོག ཡོན་ཏན་མཚོ་དང་ཁོང་གི་ལས་རོགས་ཚོས་འཁོར་སྒྲོམ་དུ་ཕར་འགྲོ་ཚུར་འོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་འགྲུལ་པ་དང་སྤེལ་རེས་བྱེད་པ་དང་། རོགས་རམ་ཞིབ་ཚགས་པོ་བྱེད་པ། སྐོར་ཞིབ་ཚགས་ཚུད་བཅས་བྱས་ནས་འགྲུལ་པ་བདེ་འཇགས་ངང་ཕྱིར་ལོག་ཐུབ་པ་བྱེད་ཀྱི་ཡོད།

    བསྟན་འཛིན་ལྷ་མོ་ནི་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི“སྐལ་བཟང་མེ་ཏོག”བུད་མེད་ཞབས་ཞུའི་ཉེན་རྟོག་ཚོགས་ཆུང་གི་ཁོངས་མི་ཞིག་ཡིན་ཞིང་། ཁོང་གི་བཟའ་ཟླ་ལྷག་པ་བཀྲ་ཤིས་ནི་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཆུ་ཤུར་ས་ཚིགས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཡིན་པས་ལྷ་ས་ནས་གཞིས་རྩེའི་བར་གྱི་ལམ་ཐིག་བརྟན་སྲུང་བྱེད་ཀྱི་ཡོད། ལྕགས་ལམ་ཉེན་རྟོག་བཟའ་ཚོ་ཡིན་པའི་ཁོང་གཉིས་དབར་འཁོར་སྒྲོམ་ཞིག་ལས་ཆོད་མེད་མོད། འོན་ཀྱང་རང་སོ་སོའི་ལས་གནས་བརྟན་སྲུང་བྱས་ནས་ལྷ་སའི་ལྕགས་ལམ་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་འཁུར་བཞིན་མཆིས།

     དུས་ཆེན་རིང་མར་དང་ཚགས་ཤ་སོགས་ཀྱི་བཟའ་བཅའ་འཁུར་མཁན་མང་བའི་གནས་ཚུལ་ལ་དམིགས་ནས། བསྟན་འཛིན་ལྷ་མོ་དང་C884ཡི་དུས་གཏན་མེ་འཁོར་ཞབས་ཞུའི་ཚོགས་ཆུང་གི་ལས་རོགས་ཚོས་སྔ་སྣུར་ནས་འགྲུལ་པར་བདེ་འཇགས་ཞིབ་བཤེར་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། འཁོར་སྒྲོམ་སྦྲེལ་མཐུད་ས་ཚིགས་སུ་འདྲེད་འགོག་དྲན་སྐུལ་བྱང་བུ་འཛུགས་པ། ཕྲུ་གུ་ཁྲིད་མཁན་འགྲུལ་པར་རྒྱབ་བསྙེས་རྐུབ་བཀྱག་གི་མཐོ་དམན་བཟོ་བ་བཅས་བྱེད་ཀྱི་ཡོད། ལམ་ཐིག་གཅིག་ནང་ཁོང་ཚོས་རིམ་རྩིས་བརྒྱབ་ན་དམིགས་བསལ་འགྲུལ་པ་མི་ཐེངས་12ལ་རོགས་རམ་བྱས་པ་དང་། རྡོག་ཁྲེས་ཐད་ཀྱི་རྩོད་གཞི་ཁག་3འདུམ་འགྲིག་བྱས་ཏེ། མི་འཚོལ་བ་ནས་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་བར་གང་ཐུབ་ཅི་ཐུབ་ཀྱིས་ཞབས་འདེགས་ཞུ་གི་ཡོད།

    བོད་ཀྱི་ཤུགས་འགྲེམས་མེ་འཁོར་གྱི་བུད་མེད་ཞབས་ཞུའི་ཉེན་རྟོག་ཚོགས་ཆུང་ཐོག་མ་ཡིན་པའི“སྐལ་བཟང་མེ་ཏོག”2022ལོར་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ“མེ་འཁོར་རེར་ཉེན་རྟོག་པ་རེའི”ཚད་གཞིར་གཞིགས་ནས། “དྲ་མིག་ཅན་གྱི་སྐོར་ཞིབ+མཉམ་འགོག་མཉམ་སྡོམ”གྱི་ལམ་སྲོལ་གསར་གཏོད་ཀྱིས་བཏོན་ཡོད། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཁོང་ཚོས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས“མེ་འཁོར་རེར་ཉེན་རྟོག་པ་རེའི”རྨང་གཞིའི་ཐོག རང་སྐྱོང་ལྗོངས་ཀྱི་གཞོན་ནུ་དང་བླངས་པའི་ཚོགས་པ་དང་མཉམ་འབྲེལ་གྱིས“ཐན་ཡུས”རྟགས་ཅན་གྱི་དུས་བདེའི་མེ་འཁོར་གཞོན་ནུའི་ཁྲིམས་ལུགས་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་བཙུགས་ནས། མེ་འཁོར་ནང་སྐོར་ཞིབ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་དང་། ཞི་མཐུན། ཤེས་དཔལ་བཅས་ཀྱི་འགྲུལ་བཞུད་ཁོར་ཡུག་ཅིག་བཏོད་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། “སྐལ་བཟང་མེ་ཏོག”བུད་མེད་ཞབས་ཞུའི་ཉེན་རྟོག་ཚོགས་ཆུང་གིས་དམིགས་བསལ་འགྲུལ་པ་མི་ཐེངས་430ལྷག་ཙམ་ལ་རོགས་རམ་བྱས་པ་དང་། འགལ་བ་དང་རྩོད་གཞི་ཁག་72བསལ་བས་ཐུགས་རྗེ་ཆེ་ཞུ་ཡིག་31འབྱོར་ཡོད་པ་རེད།

    “སྐལ་བཟང་མེ་ཏོག”བུད་མེད་ཞབས་ཞུའི་ཉེན་རྟོག་ཚོགས་ཆུང་གིས་བློ་བརྟན་འགྱུར་མེད་དང་བརྩེ་བ་ཟབ་མོས་འགྲུལ་པར་སྐྱིད་སྣང་དང་བདེ་འཇགས་ལྡན་པའི་འགྲུལ་བཞུད་ཁོར་ཡུག་བསྐྲུན་ཡོད་པ་རེད།