འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ“རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་
གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 10:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་6ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ཐོག《རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་ལས་དོན་པ། དེ་བཞིན“པའེ་ཆིའུ་ཨེན་གཟེངས་རྟགས”བཅས་ཐོབ་མཁན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ཤིང་། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པ་སོགས་ཚན་པ་326ལ“རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་རེད། དེའི་ནང་བོད་རང་སྐྱོང་ལྗོངས་ལ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟེངས་བསྟོད་ཐོབ་པའི་ཚན་པ་6ཡོད་ཅིང་། བོད་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་སྨན་ཁང་འབའ་ཞིག་ཡིན་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་ནང་དོན་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།