འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།དུས་ཚིགས་དང་པོར་ཟི་ལིང་གྲོང་ཁྱེར་གྱི་ནོར་སྲིད་གཏོང་ཡོང་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 10:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་5ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་3པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་34.8ཟིན་ནས་དུས་མཚུངས་ལས་1.5%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་83.7ཟིན་ནས་དུས་མཚུངས་ལས་10.6%འཕར་ཏེ་དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད།

    དུས་ཚིགས་དང་པོར་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འགན་འཁྲི་ལྕི་པོ་འཁུར་ཞིང་སྙིང་སྟོབས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་ལས་ཀའི་བླང་བྱར་དམ་པོར་དམིགས་པ། ངར་ཤུགས་གང་ལེགས་འདོན་པ་དང་གནོན་ཤུགས་བཟོད་ཅིང་འབད་བརྩོན་ཆེར་བསྐྱེད། ནོར་སྲིད་གཏོང་ཡོང་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ནོར་སྲིད་གཏོང་ཡོང་སྤུས་ཚད་མཐོ་པོས་འགོ་འཛུགས་ཐུབ་པ་བྱས་ཡོད། ཡོང་འབབ་འཕར་བའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་ཆེད། ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཡོང་འབབ་འཕར་བ་བྱ་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཡོད། ཡོང་འབབ་ཀྱི་ཟླ་རེའི་བཀོད་གཏོང་ལམ་སྲོལ་བཙུགས་པ་བརྒྱུད་ཁྲལ་དོན་སྡེ་ཚན་དང་རྫོང་དང་ཆུས(གླིང་ཁུལ)ཁག་གིས་ཡོང་འབབ་འཕར་བ་བྱེད་པའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ཡོད། གྲོང་ཁྱེར་དང་རྫོང་དང་ནོར་ཁྲལ་བར་གྱི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཡོང་འབབ་འཕར་བ་བྱེད་པའི“འགག་གནད”དང“དཀའ་གནད”སྤྱི་འདོམས་ཐག་གཅོད་བྱས་ཡོད།

    སྤུས་འབྲས་ལེགས་གཉེར་ཐད་ཟི་ལིང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ནོར་སྲིད་ཀྱི་དགེ་མཚན་ལྡན་པའི་སྲིད་ཇུས་སྔར་བས་དོན་འཁྱོལ་བྱས་ཤིང་། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་80.1བརྩོན་ལེན་བྱས་པ་དེ་དུས་མཚུངས་ལས་14%འཕར་ཡོད། “འགན་ལེན་གསུམ”སོགས་ལ་མི་གཏོང་ཀ་མེད་ཀྱི་གཙོ་གནད་གཏོང་སྒོ་འགན་ལེན་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སློབ་གསོ། འཕྲོད་བསྟེན་བདེ་ཐང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་དམངས་འཚོའི་གཏོང་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་69.7ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི་83.3%བཟུང་ཡོད། གཞན་ཡང་། སྔོན་རྩིས་ཡོངས་ཀྱི་ཕྱི་གསལ་ནང་གསལ་རྣམ་པའི་དོ་དམ་ལག་བསྟར་བྱས་ཏེ། “ཏང་འཛུགས་སྐྱོང་གིས་སྔོན་རྩིས་ཡོངས་ལ་ཁྲིད་སྟོན་བྱེད་པའི་ཕྱི་གསལ་ནང་གསལ་རྣམ་པའི་དོ་དམ་གྱི་འགག་སྒྲོལ་དཔུང་ཁག”བཙུགས་པ་དང་། ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་དང་། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས། ཟི་ལིང་གྲོང་ཨུད་ཏང་གི་སློབ་གྲྭ་སོགས་སྡེ་ཚན་བདམས་ནས་དུས་འགོའི་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བྱས་ཏེ། ནོར་སྲིད་མ་དངུལ་ལ་དམ་འཛིན་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ནས། དངུལ་དགོས་མཁོ་ཆེ་ཤོས་སུ་སྤྱོད་ཐུབ་པ་བྱས་ཡོད།