གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་08ཉིན། 15:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་8ཉིན་གྱི་ཆུ་ཚོད་8ནས་ཚེས་9ཉིན་གྱི་ཆུ་ཚོད་8པའི་བར། ཅི་ལིན་གྱི་ཤར་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད་བྱང་ཁུལ། བོད་ལྗོངས་ཀྱི་དབུས་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད། ཧོ་པེ་ཡི་བྱང་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཡང་ན་ཁ་ཆར་འདྲེས་མ་ཡོད་ལ། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཁ་བ་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་5ནས་8བར།)
ཟླ་4ཚེས་9ཉིན་གྱི་ཆུ་ཚོད་8ནས་ཚེས་10ཉིན་གྱི་ཆུ་ཚོད་8པའི་བར། ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་གི་བྱང་རྒྱུད་ས་བབ་མཐོ་བའི་ས་ཁུལ། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། མཚོ་སྔོན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཡང་ན་ཁ་ཆར་འདྲེས་མ་ཡོད་ལ། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་འབབ་རྒྱུ་རེད།