གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་08ཉིན། 14:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཐའེ་ཝན་གྱིས་མཐོ་རིམ་དཔོན་རིགས་གཉིས་ཝ་ཧྲིན་ཏོན་དུ་ཐེ་རོན་ཕུའི་ཚོགས་པ་དང་ཐུག་འཕྲད་བྱེད་པར་མངགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ།
ལིན་ཅན་གྱིས་བསྟན་དོན། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཨ་རི་དང་ཐའེ་ཝན་དབར་རྣམ་པ་གང་རུང་གི་གཞུང་ཕྱོགས་འགྲོ་འོང་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ལངས་ཕྱོགས་དེ་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་གཟབ་ནན་གྱིས་འབྲེལ་གཏུག་བྱས་ཟིན་པ་དང་། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ནན་པོ་བྱས་ཏེ་ཀྲུང་གོའི་ཐའེ་ཝན་ས་ཁུལ་དང་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་མཚམས་འཇོག་རྒྱུ་དང་། ཐའེ་ཝན་གྱི་གནད་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་རྒྱུ། ཐའེ་ཝན་མཚོ་འགག་གི་དུས་བབ་ཛ་དྲག་གི་རྒྱུ་རྐྱེན་གསར་པ་བཟོ་མཚམས་འཇོག་རྒྱུ་བཅས་ལ་སྐུལ་མ་གཏོང་རྒྱུ་ཡིན། ལའེ་ཆིང་ཏེ་དབང་འཛིན་ལས་ཁུངས་ཀྱིས་“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་”བྱས་ན་ཐར་ལམ་གཏན་ནས་མེད་པ་དང་གྲུབ་འབྲས་ཐོབ་མི་སྲིད།