གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་08ཉིན། 14:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་7ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་མགྲིན་ཚབ་པས། ཨ་རིའི་ཁྲིམས་འཛིན་པུའུ་ཡིས་མེ་མདའ་བརྒྱུད་ཚོང་དང་འབྲེལ་བ་ཡོད་པའི་“བཟོད་སྒོམ་གཏན་ནས་མི་བྱེད་པའི”སྲིད་ཇུས་ཤིག་མེད་པར་བཟོས་ཡོད་ཅེས་བཤད།
སྲིད་ཇུས་དེའི་བླང་བྱ་ལྟར་ན། གལ་ཏེ་མེ་མདའ་བརྒྱུད་འཚོང་མཁན་གྱིས་རྐང་བཙུགས་ནས་བྱས་ཉེས་གཏན་འཁེལ་བྱས་པའི་ཉེས་ཅན་ཚབས་ཆེན་བཟོས་པ་སོགས་མེ་མདའ་བཟུང་མི་ཆོག་པའི་མིར་མེ་མདའ་བཙོངས་པའམ་ཡང་ན་རྒྱབ་ལྗོངས་ལ་བརྟག་དཔྱད་བྱེད་མ་ཐུབ་པ་དང་། ཟིན་ཐོ་རྫུན་བཟོ་བྱས་པའམ་ཡང་ན་ཁྲིམས་འཛིན་སྡེ་ཁག་གིས་ཉེས་གསོག་ལ་སྤྱོད་པའི་མེ་མདའ་རྗེས་འདེད་བྱེད་རོགས་ཀྱི་བླང་བྱར་ལན་སློག་མ་ཐུབ་ན། མེ་མདའ་ལས་རིགས་ཀྱི་ཆང་བཅུད་དང་། རྡོ་ཐ། མེ་ཆས། འབར་རྫས་དོ་དམ་ཅུས་(ATF)ལ་ལྟ་སྐུལ་དོ་དམ་བྱས་ནས་མེ་མདའ་བརྒྱུད་འཚོང་མཁན་གྱི་ལག་ཁྱེར་ཕྱིར་འཐེན་བྱ་རྒྱུ་རེད།