འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་8ཉིན།

བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

༄༅།།སྤྱི་ཚོགས་གསར་རྙིང་བརྒྱུད་མྱོང་བའི་བུ་ཆུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་08ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་བགྲེས་སོང་བུ་ཆུང་གི་འདྲ་པར། (ཟླ་3ཚེས་17ཉིན་པར་བླངས)

འདི་ནི་བགྲེས་སོང་བུ་ཆུང་གི་འདྲ་པར། (ཟླ་3ཚེས་17ཉིན་པར་བླངས)

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་སླེའུ་གྲོང་ཚོའི་བགྲེས་སོང་བུ་ཆུང་1940ལོར་སྐྱེས་པ་དང་། སྐྱེ་དུས་ནས་ཁོང་ནི་ཞིང་བྲན་རེད།

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་གི་བོད་རྙིང་པར་དབུལ་ཕྱུག་གི་ཧེ་བག་ཧ་ཅང་ཆེན་པོ་ཡོད། ཞིང་བྲན་བདག་པོ་ཤ་དང་མར་འཛོམས་པའི་འཚོ་བར་རོལ་བ་དང་། ཞིང་བྲན་ཚོ་རྩམ་པ་ཡང་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད། “ངས་ལོ་བཅོ་ལྔ་ནས་བཟུང་ཞིང་བྲན་བདག་པོར་དཀའ་ལས་ཆེ་ཤོས་ཀྱི་ལས་ཀ་བྱས་པ་ཡིན། ཉིན་མོ་ཕྱུགས་འཚོ་བ་དང་། ས་ཞིང་འདེབས་པ། ས་རྡོ་དབོར་བ་བཅས་བྱེད་དགོས་པ་དང་། དགོང་མོ་ད་དུང་རི་སྟེང་དུ་མེ་ཤིང་སྒྲུག་པར་འགྲོ་དགོས་ཀྱི་ཡོད། གྱོན་རྒྱུ་ནི་སྣམ་བུ་ཧྲལ་ཧྲུལ་དང་སྡོད་ས་ནི་བ་ཚང་འཁྲིས་ཀྱི་ཐོག་དཔངས་དམའ་བའི་ཁང་པ་རེད། དཀའ་སྡུག་ཚད་མེད་མྱངས་མྱོང་ཡོད”ཅེས་བགྲེས་སོང་བུ་ཆུང་གིས་བཤད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བ་དང་ཞིང་བྲན་ཁྲི་ཚོ་བརྒྱར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད། དུས་དེ་ནས་བཟུང་བུ་ཆུང་རང་ཉིད་ཀྱི་བདག་པོར་གྱུར་པ་མ་ཟད། ཏང་ནང་ཞུགས་ནས་ཚོགས་ཆུང་གི་ཙུའུ་ཀྲང་དང་། བདེ་འཇགས་ཨུ་ཡོན། ཡུལ་དམག་གི་རུ་དཔོན་བཅས་བྱས་པ་རེད།

འདི་ནི་བགྲེས་སོང་བུ་ཆུང(མདུན)དང་། བུ་དངོས་གྲུབ(རྒྱབ་ངོས་གཡས་ཀྱི་དང་པོ) མནའ་མ་ཆོས་འཛོམས(རྒྱབ་ངོས་གཡས་ཀྱི་གསུམ་པ) ཚ་མོ་འཆི་མེད་ལྷ་མོ་བཅས་ཀྱིས་ཁྱིམ་དུ་དྲན་རྟེན་པར་རྒྱག་བཞིན་པ། (ཟླ་3ཚེས་17ཉིན་པར་བླངས)

འདི་ནི་བགྲེས་སོང་བུ་ཆུང(མདུན)དང་། བུ་དངོས་གྲུབ(རྒྱབ་ངོས་གཡས་ཀྱི་དང་པོ) མནའ་མ་ཆོས་འཛོམས(རྒྱབ་ངོས་གཡས་ཀྱི་གསུམ་པ) ཚ་མོ་འཆི་མེད་ལྷ་མོ་བཅས་ཀྱིས་ཁྱིམ་དུ་དྲན་རྟེན་པར་རྒྱག་བཞིན་པ། (ཟླ་3ཚེས་17ཉིན་པར་བླངས)

    ད་ཆ་བགྲེས་སོང་བུ་ཆུང་ཁྱིམ་དུ་མི་རབས་བཞི་ལྷན་འཛོམས་ཀྱིས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། “ངའི་ཁྱིམ་གྱི་ཐེམ་ཐོའི་ནང་མི་10ཡོད་པ་དང་། ཁྱིམ་དུ་ཁྱོན་ས་ཞིང་མུའུ་27ཡོད། ཐོ་ཕྲུག་དང་། འདོན་འཇུག་འཕྲུལ་འཁོར། འཇིབ་ཆུང་བཅས་གང་དགོས་ཚང་མ་ཡོད། ལོ་གཅིག་ལ་ཁྱིམ་དུ་ཡོང་འབབ་སྒོར་ཁྲི་སུམ་ཅུ་བཞི་བཅུ་ཡོད”ཅེས་བགྲེས་སོང་བུ་ཆུང་གིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་བློ་ཡིད་ཧ་ཅང་ཚིམ་པོ་བྱེད་བཞིན་བཤད།