གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་07ཉིན། 14:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས《2025ལོའི་སྐུད་སྲུང་བྱ་གཅེས་རྣམ་གྲངས་ཀྱི་བྱ་སྤྱོད་འཆར་གཞི》དངོས་སུ་ཁྱབ་བསྒྲགས་བྱས་ཏེ། “ཚེ་སྲོག་གི་བྱིའུ་ཚང”རྣམ་གྲངས་ཀྱི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་བའི་རྨང་གཞིའི་ཐོག“དུས་བྱའི་སྲོག་ཐིག”དང“ལྗང་གློག་གྲུ་ཆེན”གྱི་སྐྱེ་ཁམས་ལས་གྲྭ་ཆེན་པོ་གཉིས་གསར་གཏོད་བྱས་ནས། ས་མཐོའི་གློག་དྲ་དང་རྩ་ཆེའི་འདབ་ཆགས་ཞི་མཐུན་མཉམ་གནས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད།
རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་སྤྱི་ཚོགས་འགན་འཁྲིའི་དཔེ་སྟོན་རྣམ་གྲངས་ཤིག་ཡིན་པའི“ཚེ་སྲོག་གི་བྱིའུ་ཚང”2016ལོར་ལག་བསྟར་བྱས་པ་ནས་བཟུང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། རིམ་རྩིས་བརྒྱབ་ན་མིས་བཟོས་བྱིའུ་ཚང་5000ལྷག་ཙམ་བསྒར་བ་དང་། བྱ་བྱིའུ་འགུགས་ཐབས་ཀྱི་བྱིའུ་ཚང་2600ལྷག་ཙམ་བདེ་བླག་ངང་བཟོས་ནས་མཚོ་སྔོན་གྱི་བྱ་གླག་སོགས་རྩ་ཆེ་ཞིང་མཐོང་དཀོན་པའི་གཏུམ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་མང་དུ་འགྲོ་རྒྱུར་རོགས་རམ་བྱས་ཡོད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་བྱ་སྤྱོད་འཆར་གཞི་དེས་ཁ་ཕྱོགས་ཆེན་པོ་གསུམ་ལ་དམིགས་པ་སྟེ། ——“ཚེ་སྲོག་གི་བྱིའུ་ཚང”མུ་མཐུད་ལེགས་གཏོང་དང་། “དུས་བྱའི་སྲོག་ཐིག”གསར་གཏོད་ལག་བསྟར། “ལྗང་གློག་གྲུ་ཆེན”ཚོད་ལྟ་འཛུགས་སྐྲུན་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་གློག་དྲ་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་པོ་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་རེད།