གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་01ཉིན། 14:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ནོར་སྲིད་པུའི་གནས་འཕྲིན་ལ་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། 2025ལོར་ནོར་སྲིད་པུའུ་ཡིས་དམིགས་བསལ་རྒྱལ་བུན་ཁག་དང་པོ་སྒོར་དུང་ཕྱུར་5000འགྲེམས་སྤེལ་བྱས་ནས་ཀྲུང་གོ་དངུལ་ཁང་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་བཅས་ལ་མ་རྩ་གསབ་བྱེད་ལྟེ་བའི་ཐོག་ནས་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་མ་རྩ་གསབ་བྱེད་ལས་དོན་དེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལྟར་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་རེད།
དེང་སྐབས། རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱི་གཉེར་སྐྱོང་འཕེལ་རྒྱས་བརྟན་པོ་དང་། རྒྱུ་ནོར་གྱི་སྤུས་ཚད་བརྟན་པོ་ཡོད་པ། འགྲེམས་འཆར་རྩིས་འཐེན་འདང་ངེས་ཡོད་པ། ལྟ་སྐུལ་དོ་དམ་གྱི་དམིགས་ཚད་གཙོ་བོ་ཚང་མ་“སྐྱོན་བྲལ་གྱི་མཚམས་སུ་གནས་”ཡོད།
དམིགས་བསལ་གྱི་རྒྱལ་བུན་འགྲེམས་སྤེལ་བྱས་པ་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་ཆེ་གྲས་ལ་ལྟེ་བའི་རིམ་པ་དང་པོའི་མ་རྩ་ཁ་གསབ་ཀྱི་རྒྱབ་སྐྱོར་བྱས་ན། དངུལ་ཁང་གི་བརྟན་བརླིང་གི་གཉེར་སྐྱོང་ནུས་པ་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། དངུལ་ཁང་སྤུས་ཚད་མཐོན་པོར་འཕེལ་རྒྱས་འགྲོ་བར་བྱེད་པ། མ་དངུལ་འཇོག་མཁན་ལ་རིན་ཐང་སྔར་ལས་ཆེ་བ་གསར་གཏོད་དང་ཡུན་རིང་བརྟན་བརླིང་གི་དྲིན་ལན་འཇལ་བ་བཅས་ལ་ཕན་པ་དང་། དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་བྱེད་ནུས་གཙོ་བོ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་ཕན་པ། རྒྱལ་དམངས་དཔལ་འབྱོར་བརྟན་བརླིང་དང་ཡུན་རིང་འཕེལ་བར་འདེགས་སྐྱོར་ནུས་ལྡན་བཅས་བྱེད་ཐུབ།