འཚོལ་བཤེར།   
གཟའ་ཟླ་བ།藏文频道
2025ལོའི་ཟླ་4ཚེས་1ཉིན།
  1. 1

༄༅།།ཧྥ་རན་སིའི་འགོ་ཁྲིད་འདི་བཙོན་འཇུག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་01ཉིན། 14:05】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཧྥ་རན་སིའི་ཁྲིམས་ཁང་ཞིག་གིས་ཟླ་3ཚེས་31ཉིན་ཁྲིམས་ཐག་བཅད་པ་དང་། ཧྥ་རན་སིའི་གཡས་རུའི་འགོ་ཁྲིད་པ་ལེ་ཕང་གིས་གཞུང་དངུལ་སྒེར་སྤྱོད་བྱས་པའི་ཉེས་མིང་གྲུབ་ནས་ལོ་4བཙོན་འཇུག་བྱེད་པ་དེའི་ནང་ལོ་2ལ་དངོས་སུ་ཉེས་ཆད་བཅད་པ་དང་། ལོ་5ཡི་ནང་གཞུང་གི་ལས་གནས་སུ་ཞུགས་མི་ཆོག་པའི་ཁྲིམས་ཐག་བཅད་པ་རེད།

ཁྲིམས་ཁང་གིས་ཐག་གཅོད་བྱས་པ་ལྟར་ན། ལེ་ཕང་དང་དེ་གནས་སའི་སྲིད་ཏང་རྒྱལ་དམངས་མནའ་འབྲེལ་གྱི་ཁོངས་མི་མང་པོ་ཞིག་གིས་སྔོན་ཆད་ཡོ་རོབ་གྲོས་ཚོགས་ཀྱི་གཞུང་དངུལ་སྒེར་སྤྱོད་བྱས་པར་ངོས་འཛིན་བྱས། ལེ་ཕང་ལ་ལོ་བཞིའི་བཙོན་འཇུག་གི་ཆད་པ་བཅད་པ་དང་དེའི་ནང་ལོ་གཉིས་ལ་ཉེས་ཆད་ཕྱིར་འགྱངས་བྱས་པ་དང་། ལོ་གཉིས་ལ་གློག་རྡུལ་ལག་སྒྲོག་བརྒྱབ་ནས་བཙོན་ཁང་ཕྱི་རོལ་དུ་ལག་བསྟར་བྱ་རྒྱུ་རེད། ལེ་ཕང་ལོ་5ཡི་ནང་གཞུང་གི་ལས་གནས་ལ་འདེམས་བསྐོ་བྱེད་མི་ཆོག ཐག་གཅོད་འདི་མྱུར་དུ་ནུས་པ་ཐོན་པ་རེད། གཞན་ཡང་། ལེ་ཕང་ལ་ད་དུང་ཡོ་རོབ་སྒོར་ཁྲི་10ཡི་ཆད་པ་བཅད།

ལེ་ཕང་གིས་མིག་སྔར་ཐག་གཅོད་འདི་ལ་ལན་བསློག་མེད།