གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་01ཉིན། 10:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཏུན་500རིམ་པའི་གྲུ་གཟིངས་ཅ་ལིན་གཙང་པོའི་ལི་ཙེ་ཆུ་ཐོག་སྐྱེལ་འདྲེན་ལྟེ་བའི་གྲུ་སྒོ་ནས་སྐྱོད་བཞིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲེང་ཡུས་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་མཉམ་སྐྲུན་གྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་རྣམ་གྲངས་གལ་ཆེན་ཏེ། ཅ་ལིན་གཙང་པོའི་ལི་ཙེ་ཆུ་ཐོག་སྐྱེལ་འདྲེན་ལྟེ་བའི་ལས་གྲྭ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་ཡོད། ཅ་ལིན་གཙང་པོའི་གཞུང་རྒྱུན་སི་ཁྲོན་ཀོང་ཡོན་ནས་ཁྲུང་ཆིང་ཁྲའོ་ཐེན་མོན་དུམ་བུའི་བར་གྱི་སྐས་རིམ་15ཚང་མ་འབྲེལ་མཐུད་ཐུབ་ནས། རིམ་པ་མཐོ་བའི་ཆུ་ལམ་སྤྱི་ལེ་680ལྷག་ཙམ་བསྐྲུན་ཡོད།
ལི་ཙེ་ཆུ་ཐོག་སྐྱེལ་འདྲེན་ལྟེ་བ་ནི་ཅ་ལིན་གཙང་པོ་ཡོངས་ཀྱི་འགག་གནད་ཆེ་ཤོས་དང་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། སི་ཁྲོན་དང་ཁྲུང་ཆིང་ས་གནས་གཉིས་པོས་མཉམ་དུ་མ་དངུལ་བཏང་ནས་བསྐྲུན་ཡོད། བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ལོ་རེར་ཤར་གཏོང་བྱེད་ནུས་ཏུན་ཁྲི་1000ཟིན་ནས་ལོ་རེར་ལྗང་མདོག་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་3.17མཁོ་འདོན་ཐུབ་ཀྱི་ཡོད་པས། ཆུ་ལམ་ཤར་གཏོང་དང་། གློག་གཏོང་། ཆུའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ལྡན་ཡོད་པ་རེད།