འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་31ཉིན།

༄༅།།ཀྲུང་གོས་འབར་མར་རྒུད་སྐྱོབ་དངོས་ཟོག་འདི་དག་སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་31ཉིན། 13:34】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་3ཚེས་31ཉིན་གྱི་སྔ་དྲོར། ཀྲུང་གོའི་སྲིད་གཞུང་གིས་འབར་མར་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ས་ཡོམ་རྒུད་སྐྱོབ་རོགས་སྐྱོར་དངོས་ཟོག་མཁོ་འདོན་བྱས་པ་ཁག་དང་པོ་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད། འབར་མའི་སྲིད་གཞུང་གི་རེ་འདུན་ལྟར་ཀྲུང་གོའི་སྲིད་གཞུང་གིས་འབར་མར་མི་དམངས་ཤོག་སྒོར་དུང་ཕྱུར་1ཟིན་པའི་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ས་ཡོམ་གྱི་རྒུད་སྐྱོབ་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་པ་རེད། གསར་འགོད་པར་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོར་དངོས་ཟོག་ཁག་དང་པོའི་ནང་གུར་དང་གདན། མྱུར་སྐྱོབ་ཁུག་མ་སོགས་ཚུད་ཡོད།