འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་31ཉིན།

༄༅།།བརྙན་ཐུང་སྐར་མ་གཅིག་ནང་བོད་ལྗོངས་ཀྱི་འཕོ་འགྱུར་ལ་བལྟ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་31ཉིན། 13:32】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ད་ལོ་ནི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་66འཁོར་བའི་ལོ་ཡིན་ལ། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”བཙུགས་ནས་ལོ་16འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་66གོང་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད། ད་ཆ“འཛམ་གླིང་ཡང་རྩེ”ཡི་མཁའ་ལམ་མཉམ་དུ་འདྲེས་པ་དང་། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ས་མཐོར་བསྐྱོད་ཡོད། བོད་ལྗོངས་སུ་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད། གཤམ་ནས་བརྙན་ཐུང་སྐར་མ་གཅིག་བརྒྱུད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་འཕོ་འགྱུར་གསར་པ་བདེན་དཔང་བྱེད།