འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་31ཉིན།

༄༅།།དཀའ་སྡུག་དང་གསར་སྐྱེས། བོད་ཀྱི་ཡར་ལངས་ཞིང་བྲན་གྱི་སྣང་བརྙན་ཡིག་ཚགས། གཡུ་སྒྲོན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་31ཉིན། 13:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གཉའ་རི་གཞུང་ཤང་ཁྲོམ་སྟོད་གྲོང་ཚོར་སྡོད་མཁན་བགྲེས་སོང་གཡུ་སྒྲོན་1938ལོར་སྐྱེས་པ་དང་སྐྱེས་དུས་ཐོབ་ཐང་ནི་ཞིང་བྲན་ཡིན།

གཡུ་སྒྲོན་གྱིས་ང་ནི་བྲན་གཡོག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ཟ་རྒྱུ་དང་གྱོན་རྒྱུ་མི་འདང་བས་གྱོན་ཆས་ཚང་མ་ལྷན་པའི་ཐོག་ལྷན་པ་རྒྱག་གི་ཡོད། ཕྱུགས་རིགས་ང་ཚོས་སྤྱོད་མི་ཆོག་ལ་མི་ཤུགས་ཁོ་ནར་བརྟེན་ནས་ཞིང་བྲན་བདག་པོར་ས་ཞིང་འདེབས་ཀྱི་ཡོད་པས་ངལ་རྩོལ་ཉིན་གཅིག་བྱས་རྗེས་ཁྱིམ་དུ་ལོག་དུས་ཟ་རྒྱུ་གང་ཡང་མེད། ནས་ཀྱི་ལོ་ཏོག་བསྡུས་རྗེས་ཞིང་བྲན་བདག་པོས་འབྲུ་རིགས་བཀག་སྡོམ་ཉར་ཚགས་ཡག་པོ་བྱས་ནས་ཁུག་ཀྱོག་ཆུང་ཆུང་ཞིག་ལས་ལུས་མེད་པའི་ནས་ང་ཚོར་བཟའ་འབྲུ་བྱེད་དུ་བཅུག་པས་རྩ་བ་ནས་འདང་གི་མེད། དགོང་མོ་མི་གཞན་ལ་དུས་ཐུང་གླ་པ་བྱས་ནས་འབྲུ་རིགས་བརྗེས་ཏེ་ཁ་གསོ་རྒྱུ་ཁོ་ནར་བརྟེན་དགོས་ཀྱི་ཡོད་ཅེས་བཤད།

1959ལོའི་ཟླ་3ཚེས་28ཉིན། བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། གཡུ་སྒྲོན་དེ་ནས་བཟུང་རང་ཉིད་ཀྱི་བདག་པོར་གྱུར་པ་མ་ཟད་ད་དུང་ཏང་ནང་ཞུགས་ནས་པེ་ཅིང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་མ་ཟད། གྲོང་དཔོན་དང་ཤང་ཀྲང་བྱེད་མྱོང་ཡོད།

ད་ཆའི་བགྲེས་སོང་གཡུ་སྒྲོན་མི་རབས་བཞི་དང་མཉམ་དུ་འཛོམས་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་བསྡད་ཡོད་པ་དང་། ལོ་90ཙམ་ལ་སླེབས་ཀྱང་གཟུགས་པོ་ཐང་པོ་ཡོད་པས་ཉིན་རེར་ད་དུང་མེ་ཏོག་གསོ་བཞིན་ཡོད།

“བོད་ལྗོངས་རྙིང་པའི་སྐབས་སུ་ང་ཞིང་བྲན་བདག་པོའི་ཐོག་ཁང་འོག་ཏུ་ནོར་ལུག་དང་མཉམ་དུ་སྡོད་ཀྱི་ཡོད་པས་ཁང་པ་དེ་དམའ་ཞིང་ཆུང་བས་སྐེད་པ་ཡང་དྲང་པོ་བྱེད་མི་ཐུབ། ད་ཆ་བརྒྱབ་པའི་ཁང་པ་རྒྱ་ཆེ་ལ་མཁྲེགས་པོ་དེ་འདྲ་ཡོད་པ་དང་ལོ་ན་གཞོན་དུས་ཁང་པ་དེ་འདྲ་ཞིག་ནང་སྡོད་ཡོང་བ་རྨི་ལམ་དུའང་འཁོར་མྱོང་མེད་པས་ནང་མི་ཚང་མ་བདེ་སྐྱིད་ལྡན་པ་ཞིག་འདུག”ཅེས་གཡུ་སྒྲོན་གྱིས་བཤད།