འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་31ཉིན།

༄༅།།རང་རྒྱལ་གྱི་ཐབས་ཇུས་རང་བཞིན་གསར་དར་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་གྲངས་འབོར་ཁྲི་134.9ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་31ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ན་ནིང་ལོ་མཇུག་བར། རང་རྒྱལ་གྱི་ཐབས་ཇུས་རང་བཞིན་གསར་དར་ཐོན་ལས་ཀྱི་ནུས་ལྡན་གསར་གཏོད་ཁེ་བེད་བདག་ཐོབ་གྲངས་འབོར་ཁྲི་134.9ཟིན་ནས་དུས་མཚུངས་ལས་15.7%འཕར་བ་དང་། མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིས་ཁེ་བེད་བདག་ཐོབ་རེ་ཞུ་གསར་དུ་བསྣན་པའི་ཁྲོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱིས་བཟུང་བའི་བསྡུར་ཚད་70.4%བར་མཐོ་རུ་ཕྱིན་པ། རང་རྒྱལ་གྱི་མི་འབོར་ཁྲི་རེའི་རིན་གོང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་བདག་ཚད་ཁག་14ཟིན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།

    2024ལོར། རང་རྒྱལ་གྱི་ཁེ་བེད་བདག་ཐོབ་བརྒྱུད་བཤུག་ཆོག་འཐུས་ཀྱི་ཐོ་འགོད་ཐེངས་གྲངས་ཁྲི་61.3ཟིན་ནས་དུས་མཚུངས་ལས་29.9%འཕར་ཞིང་། དེའི་ནང་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་ཁེ་བེད་བདག་ཐོབ་བརྒྱུད་བཤུག་ཆོག་འཐུས་ཀྱི་ཐོ་འགོད་ཐེངས་གྲངས་ཁྲི་7.6ཟིན་ནས་དུས་མཚུངས་ལས་39.1%འཕར་ཏེ་འཕེལ་ཕྱོགས་བཟང་པོ་མངོན་ཡོད།

    ཤེས་རིག་བདག་དབང་སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུ་ཁྱབ་སྤེལ་གཏིང་ཟབ་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་ཤེས་རིག་བདག་དབང་གི་གཏའ་འཇོག་དངུལ་བུན་སྒོར་དུང་ཕྱུར་6500ལྷག་ཙམ་བཏང་བ་དང་། ཤེས་རིག་བདག་དབང་འགན་བཅོལ་སྡེ་ཚན་ནས་རིམ་རྩིས་བརྒྱབ་ན་ཁེ་ལས་ཁྲི་2ལ་ཉེན་ཁའི་འགན་སྲུང་སྒོར་དུང་ཕྱུར་930ལྷག་ཙམ་མཁོ་འདོན་བྱས་ཡོད།