འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་27ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་27ཉིན། 16:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིས་ཀྲུང་གོའི་དངོས་ཚན་མང་པོ་ཞིག་ཕྱིར་གཏོང་དོ་དམ་གྱི་“དངོས་ཚན་གསལ་ཐོའི་”ནང་བཅུག་པའི་སྐོར་ལ་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

གསར་འགོད་པ་ཞིག་གིས། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་3ཚེས་25ཉིན་ཨ་རིའི་ཚོང་དོན་པུས་ཀྲུང་གོའི་དངོས་ཚན་མང་པོ་ཞིག་ཕྱིར་གཏོང་དོ་དམ་གྱི་“དངོས་ཚན་གསལ་ཐོའི་”ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

དྲིས་ལན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་། ཨ་རིས་རྒྱལ་ཁབ་ཀྱི་བདེ་འཇགས་གོ་དོན་རྒྱུན་མཐུད་ངང་ཁྱབ་གདལ་བཏང་བ་དང་ཕྱིར་གཏོང་དོ་དམ་གྱི་བྱ་ཐབས་གང་བྱུང་དུ་སྤྱད་དེ་ཀྲུང་གོའི་དངོས་ཚན་མང་པོ་ཞིག་ཕྱིར་གཏོང་དོ་དམ་གྱི་“དངོས་ཚན་གསལ་ཐོའི་”ནང་བཅུག་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་བྱེད་སྟངས་འདི་སྤྱད་དེ་རྒྱལ་ཁབ་གཞན་པའི་དངོས་ཚན་ལ་རྡུང་རྡེག་དང་བཀག་འགོག་བྱེད་པ་དང་། རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ཀྱི་ཁེ་དབང་བཙན་འཕྲོག་བྱས་ན། འབྲེལ་ཡོད་དངོས་ཚན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཡོང་བར་གཏོར་བཤིག་ཐེབས་རྒྱུ་རེད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་འདི་ཕྱོགས་གཉིས་ཀས་གླེང་མོལ་དང་མཉམ་ལས་བྱེད་པར་བརྟེན་ནས་གནད་དོན་ཐག་གཅོད་ཀྱི་ཁོར་ཡུག་བསྐྲུན་པར་ཕན་ཐོགས་མེད། ཀྲུང་གོ་ཕྱོགས་ནས་ཨ་རིའི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་མ་ཟད། བྱེད་ཐབས་དགོས་ངེས་སྤྱད་དེ་ཀྲུང་གོའི་དངོས་ཚན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།