གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་27ཉིན། 16:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་ཚེས་26ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཁོ་རེ་ཡ་ལྷོ་མའི་ཆིང་ཧྲང་ཏའོ་ས་ཁུལ་གྱི་ནགས་ཚལ་མེ་སྐྱོན་སྐོར་གྱི་དྲི་བར་ལན་འདེབས་སྐབས། ཉེ་དུས་ཁོ་རེ་ཡ་ལྷོ་མའི་ས་ཁུལ་ཁག་ཅིག་རིར་མེ་ཤོར་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པར་ཀྲུང་གོའི་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་འཚམས་འདྲི་ཞུས་པ་ཡིན་ཞེས་བཤད།
གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་ཀྲུང་དབྱང་གནོད་འཚེའི་བདེ་འཇགས་ཁ་གཏད་གཅོག་ཐབས་པུའུ་ཡིས། ཚེས་26ཉིན་གྱི་ཆུ་ཚོད་13བར། ཁོ་རེ་ཡ་ལྷོ་མའི་ཆིང་ཧྲང་ཏའོ་ས་ཁུལ་གྱི་ནགས་ཚལ་མེ་སྐྱོན་ཁྲོད་མི་20རྐྱེན་ལམ་དུ་ཤོར་བ་དང་མི་19ལ་རྨས་ཕོག་འདུག་ཅེས་བཤད་པ་རེད། ནགས་ཚལ་དང་ཁང་པ། དགོན་པ་སོགས་ལ་སྐྱོན་ཆ་བཟོས་ཡོད།