གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་27ཉིན། 14:40】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཁུ་ནག་ཀུང་སིས་ཨ་རིའི་དབྱི་ལི་ནུའོ་དབྱི་མངའ་སྡེ་དང་ཝེ་སི་ཁང་ཞིན་མངའ་སྡེ་རུ་བསྡོམས་པས་འཐུང་ཆུའི་ཐོན་རྫས་སྒམ་864དང་ལྕགས་ཀྲིན་ཁྲི་1ལྷག་ཙམ་ཕྱིར་བསྡུས། དེའི་རྒྱུ་མཚན་ནི་འཐུང་ཆུའི་ལྕགས་ཀྲིན་ནང་སྤོས་འགྱིག་གི་རྫས་གཞན་རྙེད་ཡོད།
ཟླ་3ཚེས་6ཉིན་ཁུ་ནག་ཀུང་སིས་ད་ཐེངས་ཀྱི་ཕྱིར་བསྡུའི་ལས་འགོ་བརྩམས་པ་རེད།
ཨ་རིའི་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱིས་དོན་རྐྱེན་དེ་ཕྱིར་བསྡུ་རིམ་པ་གཉིས་པར་བརྩིས་ཡོད་ཅིང་། དེའི་ཐོག་ནས་འཛད་སྤྱོད་པས་འབྲེལ་ཡོད་ཐོན་རྫས་བཏུང་ཚེ་གནས་སྐབས་ཀྱི་བདེ་ཐང་ཉེན་ཁ་བཟོ་སྲིད་པ་མཚོན་གྱི་ཡོད་པ་རེད།
མིག་སྔའི་བར། འཛད་སྤྱོད་པས་ཞུ་གཏུག་བྱས་པའི་འབྲེལ་ཡོད་གནས་ཚུལ་འབྱོར་མེད།