གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་26ཉིན། 17:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་25ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཡུག་རེན་གྱི་གནད་དོན་ཐད་འཕེལ་ཚད་ཆེན་པོ་བྱུང་ཡོད་པ་དང་། ཨ་རིས་ཨུ་རུ་སུ་དང་ཡུག་རེན་དང་གྲོས་བསྡུར་གཏིང་ཟབ་བྱེད་བཞིན་ཡོད་པ་མ་ཟད་འཕེལ་རིམ་བདེ་བླག་ཡིན་པ་བཤད།
ཐེ་རོན་ཕུ་ཡིས། ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱིས་མཚོ་ཐོག་གི་དམག་འཁྲུག་མཚམས་འཇོག་པར་གཅིག་མཐུན་བྱུང་བ་དང་། རྒྱལ་ཁབ་གཞན་དག་དམག་མཚམས་འཇོག་པའི་འཕེལ་རིམ་ལ་ལྟ་སྐུལ་བྱེད་པར་ཞུགས་རྒྱུ་རེད་ཅེས་བཤད།
ཐེ་རོན་ཕུ་ཡིས། ཨུ་རུ་སུས་བཏོན་པའི་བཀག་སྡོམ་ཆག་ཡང་དང་རྩ་ཆག་གཏོང་བའི་རེ་འདུན་ལ་བསམ་བློ་གཏོང་རྒྱུ་ཡིན་ཞེས་བསྟན།