འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་27ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་བར་གྱི་གསལ་ཐོ་འདི་བསྒྲགས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་26ཉིན། 17:00】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་25ཉིན། ཁེ་ལི་མུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་ཨུ་རུ་སུ་དང་ཨ་རིས་གྲོས་ཐག་བཅད་པའི་ཕར་རྒོལ་བྱས་མི་ཆོག་པའི་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀྱི་ནུས་ཁུངས་སྒྲིག་བཀོད་ཀྱི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་རེད།

གསལ་ཐོའི་ནང་རྡོ་སྣུམ་བཙོ་སྦྱང་ཁེ་ལས་དང་། གཤེར་འཐེན་ས་ཚིགས་ཚུད་པའི་རྡོ་སྣུམ་དང་། རང་བྱུང་སོལ་རླངས་ཀྱི་སྦུག་ལམ། སྣུམ་རླངས་གསོག་འཇོག་སྒྲིག་བཀོད། གློག་འདོན་ས་ཚིགས་དང་། གློག་སྒྱུར་ས་ཚིགས། གློག་གནོན་སྒྱུར་ཆས། གློག་སྦྱོར་འཕྲུལ་ཆས་སོགས་གློག་འདོན་དང་གློག་ཤུགས་བརྒྱུད་གཏོང་གི་རྨང་གཞིའི་སྒྲིག་བཀོད། ཉིང་རྡུལ་སྒྲིག་བཀོད། ཆུ་གློག་ས་ཚིགས་ཀྱི་རགས་ཆེན་བཅས་ཚུད་ཡོད།

2025ལོར་ཟླ་3པའི་ཚེས་18ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་། གོང་གི་ཨུ་རུ་སུ་དང་ཡུག་རེན་གྱི་ནུས་ཁུངས་སྒྲིག་ཆས་རིགས་ལ་ཕར་རྒོལ་བྱས་མི་ཆོག འབྲེལ་ཡོད་གྲོས་མཐུན་ཕྱིར་འགྱངས་བྱས་ཆོག་པ་དང་། ཕྱོགས་གང་རུང་ཞིག་གིས་ཁ་ཆད་དང་འགལ་ཚེ་ཕྱོགས་གཞན་པས་གྲོས་མཐུན་ལས་ཕྱིར་འཐེན་བྱས་ཆོག