འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་26ཉིན།

༄༅།།མི་4པོ་འདི་དག་ལ་བརྟག་དཔྱད་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་26ཉིན། 15:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   2025ལོའི་ཟླ་3ཚེས་25ཉིན། ཆུ་ཚོད་20བར་དུ། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་གིས་དབང་ཆ་སྤྲད་དེ་ཆ་འཕྲིན་ཁྱབ་བསྒྲགས་བྱས་གསལ་དུ། མི་4པོ་འདི་དག་ལ་བརྟག་དཔྱད་བྱས་པ་རེད།

    ཞིབ་བཤེར་བརྟག་དཔྱད།

    ཅང་ཞི་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་པ་ཝང་ཏེ་ཧོ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཟུར་པ་ཡོན་ཝེ་ཏུང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་དང་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཀྲུའུ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་བཟོ་སྐྲུན་ལག་རྩལ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧོ་ཆིང་ཀྲུའུ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།