འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་26ཉིན།

༄༅།།ཀྲུང་དབྱང་དངུལ་ཁང་གིས་དོན་འདི་བསྒྲཊ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་25ཉིན། 14:58】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

དངུལ་ཁང་མ་ལག་གི་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་དང་། ཁོངས་ཞུགས་ལས་ཁུངས་མི་འདྲ་བའི་ཁྱད་པར་ཅན་གྱི་མ་དངུལ་དགོས་མཁོ་སྔར་ལས་ལེགས་པར་སྐོང་ཆེད། ཟླ་འདི་ནས་བཟུང་དུས་དཀྱིལ་གྱི་བུ་ལོན་གཏོང་ལེན་སྟབས་བདེ(MLF)དེ་གྲངས་འབོར་གཏན་འཁེལ་དང་། སྐྱེད་ཀའི་ཚད་འོས་འགུག མང་ཟློས་རིན་གོང་འོས་ཐོན་བཅས་ཀྱི་བྱེད་ཐབས་སྤྱད་དེ་བཀོལ་སྤྱོད་བྱ་རྒྱུ་རེད། 2025ལོའི་ཟླ་3ཚེས་25ཉིན(གཟའ་མིག་དམར)ནས་བཟུང་། ཀྲུང་གོའི་མི་དམངས་དངུལ་ཁང་གིས་MLFབཀོལ་སྤྱོད་ཐད་སྒོར་དུང་ཕྱུར་4500གཏོང་རྒྱུ་ཡིན་པ་དང་དུས་ཡུན་ལོ་གཅིག་ཡིན།