འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་24ཉིན།

༄༅།།རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་ཚོགས་པས་གོ་ལ་ཧྲིལ་པོའི་ཇ་ལོའི་སྡོང་པོའི་རྒྱུད་གྲུབ་གསང་བ་བརྟོལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་24ཉིན། 10:37】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་ཧྥུའུ་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཇ་ལོ་ཞིབ་འཇུག་སུའོ་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་རྒྱུད་གྲུབ་ཞིབ་འཇུག་སུའོ་སོགས་ཚན་པ་མང་པོས་མཉམ་འབྲེལ་ཐོག་འགག་སྒྲོལ་བྱས་པའི་ཇ་ལོའི་སྡོང་པོའི་རྒྱུད་གྲུབ་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཉེ་ཆར་རིག་གཞུང་དུས་དེབ《རང་བྱུང་·རྒྱུད་འཛིན་རིག་པ》ཡི་ཐོག་དྲ་ཐོག་ནས་འགྲེམས་སྤེལ་བྱས་པ་རེད།

    ཞིབ་འཇུག་དེས་གོ་ལ་ཧྲིལ་པོའི་ཇ་ལོའི་སྡོང་པོའི་སོན་སྤུས་ཐོན་ཁུངས་1325ལ་རྒྱུད་གྲུབ་ཡོངས་ཀྱི་རྣམ་པའི་ཐོག་ནས་དབྱེ་ཞིབ་གཏིང་ཟབ་ཐེངས་དང་པོ་བྱས་ཏེ། ཇ་ལོའི་སྡོང་པོའི་ཞིང་ལས་ལག་རྩལ་གལ་ཆེན་དང་བརྗེ་ཚབ་ཀྱི་ངོ་བོ་དང་གཟུགས་དབྱིབས་ཀྱི་རྒྱུད་འཛིན་རྨང་གཞི་གསལ་པོར་བསྟན་པ་མ་ཟད། ད་དུང་ཇ་ལོའི་སྡོང་པོའི་སོན་གསོ་གནད་འཁེལ་བྱེད་པར་དཔྱད་གཞིའི་གྲངས་གཞི་རྩ་ཆེན་ཡང་མཁོ་འདོན་བྱས་ཡོད།