འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་21ཉིན།

༄༅།།བོད་ལྗོངས་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་800ལས་བརྒལ་བ།

གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ། ཡུལ་མི་ཕྱུག་འགྱུར་གྱི་ཧུར་སེམས་རབ་ཏུ་འཕེལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་21ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱངས་ཅན།

“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་ལས་དོན་པ་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོས་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་2024ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ལོ་འཁོར་གྱི་ཕྱོགས་སྡོམ་དང་བགོ་འགྲེམས་ཚོགས་ཆེན་ཚོགས་སྐབས་མི་ཚང་མའི་ངོ་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བ་དང་དྲིན་ཚོར་གྱི་བསམ་པ་སྙིང་དབུས་སུ་བཅངས་ནས་ཡོད།

ལྷུན་གྲུབ་རྫོང་ནི“བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཟུང་འབྲེལ་དཔེ་སྟོན་རྫོང”དང“ལྷ་སའི་འབྲུ་མཛོད”ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཐོག་མཐའ་བར་གསུམ་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཨང་དང་པོར་འཇོག་གི་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་དང་རང་བརྟེན་ནུས་པ་བརྒྱུད་ཞིང་ལས་ལ་བརྟེན་ནས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་པའི་སྲིད་འཛིན་གྲོང་ཚོ་ཁག་གཅིག་ཐོན་པ་ལས་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོ་ནི་དེའི་ནང་གི་གྲས་ཤིག་རེད། གྲོང་ཚོ་དེའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྟོབས་ཆེན། ད་ཆ་ཡོང་འབབ་ཁྱོན་སྒོར་ཁྲི་800ལས་བརྒལ་བ་བཅས་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་སྟེ་མང་ཚོགས་རིམ་བཞིན་ཕྱུག་འགྱུར་གྱི་ལམ་དུ་སྣེ་ཁྲིད་བྱས་པ་རེད།

བགོ་འགྲེམས་ཚོགས་ཆེན་ཐོག་མཚོ་སྟོད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དགེ་ལེགས་ཆོས་འཕེལ་གྱིས་2024ལོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་སྡོམ་དང་སྦྲགས། 2024ལོར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་833ཟིན་པའི་བརྡ་ཁྱབ་བཏང་བ་དང་ཡུལ་མིར་2025ལོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཚོགས་འདུའི་ཐོག་བགོ་འགྲེམས་རྒྱག་པའི་གྲོས་ཆོད་སྒྲོག་སྦྱང་བྱས་པ་དང་འབྲེལ་ཡོད་ལས་དོན་པས་ཡུལ་མིར་དངུལ་གྲངས་ཚང་བགོ་འགྲེམས་བརྒྱབ་པ་རེད།