འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་20ཉིན།

༄༅།།བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་པས་ཚོགས་འདུ་འདིར་གཏམ་བཤད་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་20ཉིན། 15:57】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་58པ་འཚོགས་རིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཚེས་17ཉིན་ཇེ་ནེ་ཝར་བརྗོད་བྱ་གཙོ་བོའི་མཐའ་ཚོགས་འཚོགས་ནས། “2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་”ཐད་ཞིབ་བསྡུར་བྱས་པ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་བསོད་ནམས་སྒྲོལ་མས་བོད་ཀྱི་དེང་རབས་སློབ་གསོ་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་། ཕྱོགས་མང་པོའི་ཐད་ནས་བོད་མི་དམངས་ཀྱི་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་སྲུང་བྱས་ཏེ། སློབ་གསོ་དྲང་གཞག་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེ་ནི་དོན་ངོ་མའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཡིན་ཞེས་བཤད་པ་རེད།

ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་རྒྱལ་ཁབ་ཁག་གི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཏ་ལུའུ་ཡིས་བསྟན་དོན། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། འཚོ་གནས་ཀྱི་དབང་ཆ་དང་། འཕེལ་རྒྱས་ཀྱི་དབང་ཆ། བདེ་ཐང་གི་དབང་ཆ། སློབ་གསོའི་དབང་ཆ་སོགས་ཚུད་པའི་འགྲོ་བ་མིའི་གཞི་རྩའི་ཁེ་དབང་འགན་སྲུང་བྱས་ན། ད་གཟོད་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ།